ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གི་ས་གནས་ཁག་ཏུ་འགོག་ཁབ་འགྲེམ་འགོ་ཚུགས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་དབུས་གཞུང་གི་བཀའ་འཁྲོལ་ལྟར་སི་རམ་སྨན་སྦྱོར་ཁང་གིས་བཟོ་སཔའི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཐེངས་དང་པོ་ཕྱི་ཟླ་༡་པའི་ཚེས་ ༡༢ ཉིན་རྒྱ་གར་གྱི་ས་གནས་ཁག་ཏུ་གཏང་འགོ་ཚུགས་སོང་བ་དང་།

༄༅།། རྒྱ་གར་དབུས་གཞུང་གི་བཀའ་འཁྲོལ་ལྟར་སི་རམ་སྨན་སྦྱོར་ཁང་གིས་བཟོ་སཔའི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཐེངས་དང་པོ་ཕྱི་ཟླ་༡་པའི་ཚེས་ ༡༢ ཉིན་རྒྱ་གར་གྱི་ས་གནས་ཁག་ཏུ་གཏང་འགོ་ཚུགས་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་རྣམས་ལ་ཏོག་དབྱིབས་ནད་དུག་གི་སྔོན་འགོག་ཁབ་ཐོབ་ཐབས་ཆེད་སི་རམ(SERUM) སྨན་སྦྱོར་ཁང་དང་རྒྱ་གར་ཕྱི་སྲིད་ལས་ཁུངས་སོགས་ལ་འབྲེལ་བ་གནང་བའི་བརྒྱུད་རིམ་ནང་སི་རམ་སྨན་སྦྱོར་ཁང་ནས་གལ་ཏེ་རྒྱ་གར་དབུས་གཞུང་ནས་ཚོང་གཉེར་གནང་རྒྱུའི་ཆོག་ཆན་གནང་ཚེ་འབྲེལ་བ་ཞུ་ཆོག་ཅེས་ལེན་འདེབས་གནང་འདུག་ལ་ཉེ་ཆར་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་ཁབ་བརྒྱབ་སའི་ས་ཚིགས་ཁག་གཏན་འབེབས་དང་སྦྱོང་བརྡར་སྤྲད་པའི་ནང་བཞུགས་སྒར་རྡ་རམ་ས་ལར་བརྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དེ་ཧི་མ་ཅལ་མངའ་སྡེའི་ས་ཚིགས་དེ་དག་གི་ཁུངས་སུ་ཚུད་ཡོད་པ་རེད་འདུག སྔོན་འགོག་ཁབ་དེ་ཐོབ་ཐབས་ཆེད་CO-WIN ཞེས་པའི་ཁ་པར་མཉེན་ཆས་བརྒྱུད་ནས་ངེས་པར་དུ་ཐོ་འགོད་གནང་དགོས་ཀྱི་ཡོད་ན་ཡང་། ད་ལྟའི་ཆར་མཉེན་ཆས་འདི་རྒྱ་གར་གཞུང་གིས་མང་ཚོགས་རྣམས་ལ་བཀོད་སྤྱོད་ཆེད་འདོན་སྤེལ་གནང་མེད་པ་རེད་འདུག ཡང་རྒྱ་གར་དབུས་གཞུང་གིས་ཏོག་དབྱིབས་ནད་དུག་གི་སྔོན་འགོག་ཁབ་དེ་མདུན་སྐྱོད་པ་རྣམས་ལ་རིན་མེད་ངང་བརྒྱབ་རྒྱུ་ཡིན་ན་ཡང་། མང་ཚོགས་ལ་སྔོན་འགོག་ཁབ་དེའི་རིན་གོང་ག་ཚོད་ཡིན་མེད་དེ་ད་ལྟའི་ཆར་གསལ་བསྒྲགས་གནང་མེད་པ་རེད་འདུག །

དཔྱད་བརྗོད་ལ་བལྟ།

XS
SM
MD
LG