ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྡ་རམ་ས་ལར་ཏོག་དབྱིབས་ནད་དུག་ཁྱབ་གདལ།


རྡ་རམ་ས་ལར་ཏོག་དབྱིབས་ནད་དུག་ཁྱབ་གདལ།
please wait

No media source currently available

0:00 0:03:20 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྡ་རམ་ས་ལར་ཏོག་དབྱིབས་ནད་དུག་ཁྱབ་གདལ།

༄༅།། འདས་པའི་བདུན་ཕྲག་དེར་རྒྱ་གར་དང་བལ་ཡུལ་གྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༣ ཐོན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་དངུལ་ཁང་ཞིག་གི་རྒྱ་གར་བ་ལས་བྱེད་པ་གཉིས་དང་དེ་བཞིན་རྡ་སའི་བོད་པ་ཚོ་རྟག་ཏུ་བསྟེན་གཏུག་བྱེད་དུ་འགྲོ་སའི་སྨན་ཁང་ཞིག་གི་ལས་བྱེད་པ་༢༥་ལ་ནད་དུག་འགོས་པའི་གནས་ཚུལ་ཐོན་ཡོད་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་འགྲོ་རྒྱུའི་ཉེན་ཁ་ཇེ་ཆེར་ཕྱིན་འདུག

དེ་རིང་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་རྒྱ་གར་ལ་བཀག་སྡོམ་ཕྱིར་འཐེན་རིམ་པ་བཞི་པ་ལག་ལེན་བསྟར་བཞིན་པའི་དུས་འདིར་འཛིན་སྐྱོང་བཀའ་ཤག་གིས་མང་ཚོགས་ལ་རིམས་ནད་སྔོན་འགོག་གི་ཐད་དུ་དོ་གཟབ་བྱ་དགོས་པའི་ལམ་སྟོན་དོན་ཚན་༡༤་ཅན་ཞིག་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG