ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བོད་མིའི་སྒྲིག་འཛུགས་ཀྱི་བདུན་རེའི་ཏོག་དབྱིབས་གསར་འགོད་གསལ་བཤད།


༄༅།། དེ་རིང་སྲིད་སྐྱོང་བློ་བཟང་སེངྒེ་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་རྣམ་གཉིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་བདུན་རེའི་ཏོག་དབྱིབས་ནད་དུག་གི་གསར་འགོད་ལྷན་ཚོགས་བསྐོངས་ཡོད་ཅིང་། འདས་པའི་བདུན་ཕྲག་དེར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པ་ནད་དུག་ཕོག་མཁན་གྱི་གྲངས་ཐོ་གསར་པ་གང་ཡང་འབྱོར་མ་བྱུང་། རྒྱ་གར་དང་བལ་ཡུལ་དུ་བདུན་ཕྲག་གཅིག་གི་ནང་ཚུད་དུ་ནད་དུག་འགོས་པའི་བོད་པ་༡༤་ཐོན་སོང་། བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་དང་ནད་པའི་བཟའ་མི་ཚོར་འཇིགས་སྣང་སྐུལ་བ་དང་དཀའ་སྡུག་སྤྲད་ན་གཏན་ནས་མི་འགྲིག་ཅེས་ནན་བརྗོད་གནང་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG