ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༣/༢༥

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་རིམས་ནད་ཚོགས་ཆུང་།


༄༅།། ་ནངས་སྔ་དྲོདབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་གཙང་སྦྲ་བྱས་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་དུ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དབུ་བཞུགས་ཀྱིས་སྐུའི་བླ་སྨན་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་དང་སྐུའི་བླ་སྨན་ཞབས་ཞུ་བ་སྨན་པ་ཚེ་དབང་རྟ་མགྲིན། དེ་བཞིན་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་དང་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་གཙོས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཞིག་སྐོང་ཚོགས་གནང་སོང་བའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG