ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

མཚོ་འགག་ཕྱོགས་གཉིས་ཀྱི་གྲོས་མོལ་དང་ཆབ་སྲིད་ཀྱི་དྲིལ་བསྒྲགས།


བདུན་ཕྲག་སྔོན་མར་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གི་བློན་ཆེན་ཝང་ཡུའི་ཆི་ནན་ཅིང་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་རྒྱ་ནག་གི་སྐམ་ས་ཆེན་མོའི་ཐེ་ཝན་ལས་དོན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཚོར་ཉི་མ་བཞི་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་ཅིང་། གྲོས་མོལ་དེ་རྒྱ་ནག་དང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོ་དངོས་སུ་ཐུག་འཕྲད་གྲོས་མོལ་བྱས་ཐེངས་དང་པོ་ཡིན་རུང་། ད་ཐེངས་ཀྱི་གྲོས་མོལ་སྐབས་སུ་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་མཚོ་གླིང་གཉིས་གཅིག་གྱུར་བྱེད་པའམ། ཡང་ན་རྒྱ་ནག་གིས་ཐེ་ཝན་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ངོས་ལེན་བྱེད་དགོས་པའི་རྩ་བའི་ཆབ་སྲིད་ཀྱི་འགག་རྩ་དེར་གྲོས་མོལ་གང་ཡང་བྱེད་ཐུབ་མེད་པ་དང་། མཚོ་འགག་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོས་ནན་ཅིང་གྲོང་ཁྱེར་དུ་གྲོས་མོལ་བྱས་པ་དེ་རྒྱ་ནག་གི་འགོ་ཁྲིད་ཚོར་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཐོག་ཏུ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་པ་སྟེ། རྒྱ་ནག་གཞུང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་གཞུང་འབྲེལ་མི་སྣའི་ཆེས་ཐོག་མར་གྲོས་མོལ་བྱས་པ་དེར་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ཡོད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG