ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཁེ་རི་མཱི་ཡའི་ས་གནས་གྲོས་ཚོགས་ཀྱིས་ར་ཤི་ཡར་ཟླ་སྒྲིལ་བྱ་རྒྱུའི་ཐག་བཅད།


ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་ར་ཤི་ཡའི་དམག་རྣམས་ཡུཀ་རེན་གྱི་ཁེ་རི་མཱི་ཡ་རང་སྐྱོང་ས་གནས་ནས་ཕྱིར་འཐེན་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་། ཁེ་རི་མཱི་ཡའི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཚོས་རང་གི་མངའ་ཁུལ་དེ་དངོས་སུ་ར་ཤི་ཡར་ཟླ་བསྒྲིལ་བྱ་དགོས་པའི་འོས་ཤོག་འཕངས་ཡོད་ཅིང་། ཕྱི་ཟླ་༣་ཚེས་༡༦་ཉིན་ཁེ་རི་མཱི་ཡའི་མི་དམངས་ལ་ས་གནས་གྲོས་ཚོགས་ཀྱི་ཐག་གཅོད་དེར་མོས་མཐུན་ཡོད་མེད་མང་མོས་འོས་འདེམས་བྱེད་དུ་འཇུག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པས། སྲིད་དོན་ཉམས་ཞིབ་པ་ཚོས་ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་གྱི་ཆོག་མཆན་མེད་པར་ཁེ་རི་མི་ཡ་ས་གནས་གྲོས་ཚོགས་ཀྱི་ཐག་གཅོད་དེ་འདྲ་ཞིག་བྱེད་མི་ཐུབ་པ་དང་། ཁེ་རི་མཱི་ཡའི་གནད་དོན་འདི་གྲང་དམག་འཁོན་འཛིང་མཇུག་བསྒྲིལ་པའི་རྗེས་སུ་འཛམ་གླིང་ཤར་ནུབ་གཉིས་ལ་ཛ་དྲག་གི་འགལ་ཟླ་ཆེན་པོ་ཞིག་བྱུང་བ་ཐེངས་དང་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG