ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀི་རི་མི་ཡའི་མང་མོས་འོས་བསྡུ་ཁྲིམས་མཐུན་མིན་པ།


ཀི་རི་མི་ཡ་ ཡུའུ་ཀི་རན་ནས་ཁ་གྱེས་རྒྱུ་ནི་ སྤྱིར་ཡུལ་གྲུ་ཞིག་གི་མངའ་ཁུལ་ལམ་ ས་ཁོངས་ནས་ལོགས་སུ་ཁ་གྱེས་འདོད་བྱེད་པའི་དཔེ་མཚོན་མང་པོ་ཡོད་པའི་གྲས་གཅིག་ཡིན་པ་དང་ ཁྲིམས་ལུགས་མཁས་པ་ཚོས་བརྗོད་པར་གཞིགས་ན་ ཁ་བྲལ་ལམ་ ཁ་གྱེས་ཀྱི་ལས་འགུལ་འགའ་ཞིག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་ མང་པོ་ཞིག་ལ་བྱེད་ཀྱི་མེད་ཅིང་ ཀི་རི་མི་ཡ་ཡུའུ་ཀི་རན་ནས་ཁ་གྱེས་རྒྱུའི་འོས་བསྡུ་དེ་ལུགས་མཐུན་མིན་པ་དང་ ར་ཤ་ཡས་ ཀི་རི་མི་ཡ་ རང་གི་མངའ་ཁོངས་སུ་འཇུག་རྒྱུ་ནི་ཁྲིམས་འགལ་ཆགས་རྒྱུ་ཡིན་ལུགས་ཨ་མི་རི་ཀ་བ་ རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་ཞིག་གིས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ མྷ་ཡི་ཀལ་ བྷོ་མན་གྱིས་སྤེལ་བའི་གནས་ཚུལ་དེ་ཡེ་ཤེས་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG