ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སོག་རྫོང་དུ་དམ་དྲག་དང་འཛིན་བཟུང་།


ཁམས་སོག་རྫོང་ཁྲི་རྡོ་ཡུལ་ཚོ་དེ་ཕྱི་ཟླ་༢་ནས་བཟུང་སྟེ་ཛ་དྲག་གི་དམ་དྲག་འོག་ཏུ་གནས་ཡོད་ཅིང་། ས་གནས་ཆུང་ཆུང་དེར་རྒྱ་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་ཚད་ལས་བརྒལ་པ་ཞིག་འགྲེམ་འཇོག་བྱས་ནས་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ་ས་གནས་དེའི་བོད་པ་མང་པོ་ཞིག་འཛིན་བཟུང་བྱེད་བཞིན་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ས་གནས་དེའི་གནས་སྟངས་ལ་ཞིབ་མཇུག་བྱེད་མཁན་འབྲེལ་ཡོད་མི་སྣ་གཉིས་ལ་སྐད་ཆ་དྲིས་ནས་ཕྱོགས་སྒྲིག་བྱས་པ་ཞིག་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG