ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

གཟའ་འཁོར་གཅིག་གི་ནང་དུ་བོད་པ་༤༡༤་ལ་ནད་དུག་འགོས།


ཕྱི་ཟླ་༡་པའི་ཚེས་༢༧་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་འདས་པའི་བདུན་ཕྲག་དེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༡༤་ཐོན་པ་དང་མི་གཅིག་ལ་འཆི་སྐྱོན་བྱུང་སོང་ཞེས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་གིས་གསལ་བསྒྲགས་སྤེལ།།

ཁོང་གིས་བོད་པ་ཚོ་བརྟག་དཔྱད་ཀྱི་གྲུབ་འབྲས་མ་ཐོན་བར་དུ་རང་ཁྱིམ་ལ་འཛུལ་དགོས་པའི་རེ་སྐུལ་ཞུས། འདས་པའི་བདུན་ཕྲག་དེར་དབྱིན་ཡུལ་དུ་གནས་འཁོད་སྨན་ཞབས་པ་བསམ་གཏན་ཆོས་སྒྲོན་གྱིས་རོགས་རམ་འོག་ཨ་རིའི་ཆེད་ལས་སྨན་པ་ཞིག་གིས་བོད་པའི་འཕྲོད་བསྟེན་ལས་སྣེ་ཁག་ཅིག་ལ་ཨོ་མི་ཁོ་རོན་འགོས་པའི་ནད་པ་ཚོར་སྨན་བཅོས་ཇི་ལྟར་བྱེད་དགོས་པའི་གཟབ་སྦྱོང་སྤྲད།།

སྨན་པ་བསྟན་འཛིན་བརྩོན་གྲུས་ཀྱིས་དེང་སྐབས་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོ་མཁན་གྱི་གྲངས་ཚད་བརྒྱ་ཆ་༡༦་ཙམ་ཟིན་གྱི་འདུག ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མ་བརྒྱབ་པའི་དབང་གིས་བོད་པ་ཞིག་ལ་ནད་གཞི་ལྕི་མོ་ཕོག་འདུག་ཅེས་གསལ་བཀྲོལ་བྱས་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།



XS
SM
MD
LG