ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་དུ་རྒྱ་ནག་གི་འགོག་སྨན་འབུམ་བརྒྱད་འབྱོར་འདུག


དེང་སང་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་པ་དང་བསྟུན་ནས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་Bangladeshདང་ Sri Lankaསོགས་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ནས་སྔོན་འགོག་སྨན་ཁབ་ཉོ་སྒྲུབ་བྱེད་འགོ་བཙུགས་ཤིང་། རྒྱ་ནག་ཕྱོགས་ནས་དེ་སྔོན་ Bangladeshརྒྱལ་ཁབ་ལ་འགོག་སྨན་འབུམ་ལྔ་དང་Sri Lanka་རྒྱལ་ཁབ་ལ་འགོག་སྨན་ས་ཡ་གཅིག་དང་འབུམ་གཅིག་མཁོ་སྤྲོད་བྱས་འདུག་ལ། ཉེ་ཆར་བལ་ཡུལ་ལ་དེ་སྔོན་རྒྱ་ནག་གིས་འགོག་སྨན་ས་ཡ་གཅིག་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་ལྟར་རེས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་རྒྱལ་ས་Kathmanduནང་དུ་འགོག་སྨན་འབུམ་བརྒྱད་འབྱོར་ཡོད་པ་དང་གཞན་འགོག་སྨན་ལྷག་མ་འབུམ་གཉིས་དེ་བོད་རང་སྐྱོང་ལྗོངས་ཞེས་པའི་ས་གནས་གཞུང་གིས་མཁོ་སྤྲོད་བྱེད་འཆར་ཡོད་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG