ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
སྐད་ཡིག
Tibetan English
འཚོལ།
འཚོལ།
རླུང་འཕྲིན་གྱི་ལེ་ཚན་ཁག
དྲྭ་ལམ་བརྒྱུད་བརྙན་འཕྲིན།
མདུན་ངོས།
བོད།
ཨ་རི།
རྒྱ་ནག
འཛམ་གླིང་།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
དཔེ་ཀློག
དེ་ལས་མང་བ།
Tibetan English
ལེ་ཚན་གསར་ཤོས།
བརྙན་འཕྲིན་འཕར་མ།
ཀུན་གླེང་།
ཀུན་གླེང་གསར་འགྱུར།
དྲ་སྣང་གི་བོད།
དྲ་བརྙན་གླེང་མོལ།
དྲ་བརྙན་གསར་འགྱུར།
དཀར་ཆགས་ཤོག་ངོས།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
ཐད་གཏོང་གསན་ན།
ཐད་གཏོང་།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
རྗེས་མ།
༠༨:༠༠ - ༠༩:༠༠
སྔ་དྲོའི་རླུང་འཕྲིན།
༢༢:༠༠ - ༢༣:༠༠
དགོང་དྲོའི་རླུང་འཕྲིན།
དེ་ལས་མང་བའི་རླུང་འཕྲིན་ལེ་ཚན།
སྔ་དྲོའི་རླུང་འཕྲིན།
འཚོལ།
འཚོལ།
སྔོན་མ།
རྗེས་མ།
Breaking News
སྔོན་མ།
རྗེས་མ།
྆྆྆རླུང་འཕྲིན་ཐད་གཏོང་།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
བོད།
ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རའི་འོག་ཏུ་འཛུགས་སྐྲུན།
༢༢།༠༥།༢༠༢༠
ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རའི་འོག་ཏུ་འཛུགས་སྐྲུན།
པར་འདེབས་པ།
Embed
share
ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རའི་འོག་ཏུ་འཛུགས་སྐྲུན།
by
ཝི་ཨོ་ཨེ།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:58
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། ད་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་སྟེ་འགྲོ་འོང་བཀག བོད་ཀྱི་ལོ་གསར་སྔོན་དུ་ལྷ་ལྡན་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལ། གདན་ས་སེ་འབྲས་དགེ་གསུམ་སོགས་སྒོ་བརྒྱབ་སྟེ་ཟླ་བ་བཞི་ཙམ་འདས། ཉེ་ཆར་ཕྱི་ཟླ་༥་ཚེས་༢༠་ཉིན་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་བསྐྱར་དུ་ཆོས་སྒོ་ཕྱེས་ཀྱང་གཙུག་ལག་ཁང་སྒོ་ཕྱེ་མེད་ཅིང་། ཁ་སང་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་དགོན་སྡེ་ཁག་སྒོ་འབྱེད་རྒྱུའི་སྤྱི་བསྒྲགས་ཤིག་སྤེལ་བ་དེར་ལྷ་ལྡན་གཙུག་ལག་ཁང་སྒོ་མ་ཕྱེ་པའི་རྒྱུ་མཚན་ནི་གཙུག་ལག་ཁང་གི་བདེ་སྲུང་དང་མེ་ཟོན། གློག་ཤུགས་མཐོར་འདེགས་སོགས་རིག་དངོས་སྲུང་སྐྱོབ་ཀྱི་ལས་གྲྭ་གཉེར་བཞིན་ཡོད་པས་གནས་སྐབས་རིང་སྒོ་འབྱེད་རྒྱུ་མིན་ཞེས་བཀོད།།
འདི་གའི་གསར་འགོད་པས་དངོས་ཡོད་གནས་ཚུལ་ཤེས་རྟོག་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུ་ཕྱིན་པའི་དུས་སུ་དགོན་པ་ཕལ་ཆེ་མོ་ཆེ་སྒོ་བརྒྱབ་པའི་གོ་སྐབས་ལ་བསྟུན་ནས་ལྷ་སའི་གཙུག་ལག་ཁང་གི་ཁྱམས་རའི་འོག་ཏུ་ས་བྲུས་ནས་ཧ་ཅང་གི་གསང་རྒྱ་དམ་པོས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་ཞིག་གཉེར་བཞིན་ཡོད་པ་སྟེ། དཔེར་ན་མིང་འདོད་བྱེད་འདོད་མེད་པའི་བོད་པ་ཞིག་གིས་ལྷ་ལྡན་གཙུག་ལག་ཁང་མང་ཚོགས་ལ་སྒོ་བརྒྱབ་པ་ནས་བཟུང་སྟེ་ཁྱམས་རའི་འོག་ཏུ་སྔོག་འབྲུ་རྒྱག་གི་ཡོད་པ་དེར་གསང་བ་ཆེན་པོ་ཞིག་བྱེད་ཀྱི་འདུག དོན་དངོས་སུ་ཅི་ཞིག་སྔོག་འབྲུ་བྱེད་ཀྱི་ཡོད་མེད་གསལ་ཁ་མེད་ཀྱང་མང་ཚོགས་ཀྱིས་གཙུག་ལག་ཁང་གི་ཁྱམས་རའི་ས་འོག་ཏུ་གསང་བའི་ཡིག་ཆ་དང་གཏེར་ཁ་ཡོད་པ་རྣམས་རྒྱ་གཞུང་གིས་སྔོག་འདོན་བྱེད་ཀྱི་ཡོད་པའི་གླེང་སློང་བྱེད་བཞིན་པའི་གནས་ཚུལ་ཐོས་རྒྱུ་འདུག་ཅེས་བརྗོད། དེ་སྔོན་དངོས་སུ་མཐོང་མཁན་གྱི་མི་ཞིག་གིས་ཀྱང་ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རའི་འོག་ནས་ཆུ་རྡོ་མང་པོ་ཞིག་བཏོན་ཡོད་པ་དངོས་སུ་མཐོང་མྱོང་ཞེས་བརྗོད་ཡོད་པ་རེད།།
ཉེ་ཆར་ཕྱི་ཟླ་ལྔ་བའི་ཚེས་༨་ཉིན་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་སྲུང་སྐྱོབ་བྱེད་པའི་ཆེད་དུ་མ་དངུལ་ཨ་སྒོར་ས་ཡ་༥་ནས་༦་ཙམ་འགྲོ་གྲོན་བཏང་སྟེ་ལས་གཞི་འགོ་འཛུགས་བྱེད་ཀྱི་ཡོད། ས་གནས་དང་དབུས་གཞུང་གཉིས་ཀྱིས་འགྲོ་གྲོན་བཏང་སྟེ་ཇོ་ཁང་སྲུང་སྐྱོབ་དང་གློག མེ་གསོད་ཀྱི་མཐུན་རྐྱེན་ས་འོག་ཆུ་ལམ་སོགས་འཛུགས་སྐྲུན་བྱེད་པའི་ལས་གཞི་ཁག་ཅིག་གཉེར་འགོ་ཚུགས་ཡོད། ལས་གཞི་ཁག་ཅིག་འདི་ལོའི་ལོ་མཇུག་ཏུ་འགྲུབ་ཀྱི་རེད་ཅེས་བསྒྲགས། གཞན་ཡང་ལྷ་ས་གྲོང་ཁྱེར་རིག་དངོས་ལས་ཁུངས་ཀྱི་འགོ་གཙོ་ཅིན་ཡུང་ཁྲུན་གྱིས་རིག་དངོས་རྩ་ཆེན་ཡོད་པའི་གཙུག་ལག་ཁང་ནི་མི་འབོར་ཧ་ཅང་མང་བ་དང་ཆུ་དཀོན་པའི་ལྷ་སའི་གྲོང་ཁྱེར་རྙིང་པའི་ཁུལ་དུ་ཆགས་ཡོད་པས་སྲིད་གཞུང་གིས་མེ་གསོད་མཐུན་རྐྱེན་ས་འོག་ཆུ་ལམ་འཛུགས་སྐྲུན་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། དེས་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་ན་འཕྲལ་དུ་གསོད་ཐུབ་པ་དང་ཛ་དྲག་གི་མེ་སྐྱོན་དུས་སུ་གྲོང་ཁྱེར་རྙིང་པའི་བདེ་འཇགས་སྲུང་སྐྱོབ་ལའང་ཁག་ཐེག་བྱེད་ཐུབ་ཅེས་བརྗོད་འདུག
ལྷ་ལྡན་གཙུག་ལག་ཁང་གི་ལོ་རྒྱུས་ཤེལ་དཀར་མེ་ལོང་དང་དབུས་གཙང་རིག་མཛོད་བཅས་སུ་གསལ་བ་ལྟར་ན། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་ཁབ་ཏུ་བཞེས་ཏེ་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་བཞེངས། ད་ལྟའི་བར་དུ་ལོ་༡༣༠༠་ལྷག་གི་ལོ་རྒྱུས་ཡོད་ཅིང་། གཙུག་ལག་ཁང་དུ་ཇོ་བོ་ཤྱ་མུ་ནེ་སོགས་རྩ་ཆེའི་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ཡོད་པས་གཙུག་ལག་ཁང་གི་ཁྱམས་རའི་འོག་ཏུ་རིན་པོ་ཆེའི་གཏེར་རྫས་སྣ་ཚོགས་སྦས་ཡོད་པར་མ་ཟད། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཞབས་རྗེས་སོགས་ཡོད་པ། ཁྱམས་ར་ཆེན་མོ་ནི་རྗེ་ཙོང་ཁ་པ་དང་རྒྱལ་དབང་སྐུ་འཕྲེང་ལྔ་པ། སྐུ་ཕྲེང་༡༣་པ་བཅས་ཀྱིས་རིམ་བཞིན་ཉམས་གསོ་དང་རྒྱ་བསྐྱེད། ད་ལྟའི་རྒྱ་ཁྱོན་ཀ་རིང་བརྒྱད་དང་དེའི་བྱིངས་ཀྱི་སྒོ་འཕྱོར། ཀ་བ་བརྒྱ་དང་ཉི་ཤུ་ལྷག་ཙམ་ཡོད་པ་འདི་གྲུབ་པ་རེད་ཅེས་འཁོད་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
འབྲེལ་ཡོད།
ཨ་ལ་སྒྲ་སྙན་ནད་ཡམས་རིང་བཟོ་སྐྲུན་བྱེད་བཞིན་པ།
དྲ་ཐོག་ཏུ་ལྟ་མཁན་མང་ཤོས།
དྲ་ཐོག་ཏུ་ལྟ་མཁན་མང་ཤོས།
༡
ཕྱི་སྲིད་དྲུང་ཆེ་གསར་པས་རྒྱ་ནག་ལ་འཛིན་པའི་ཐབས་ཇུས།
༢
སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སྤྱི་ཚོགས་དྲྭ་རྒྱ་བཀོལ་སྦྱོད་ཀྱི་ཤུགས་རྐྱེན།
༣
ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས་པ།
བརྙན་འཕྲིན་གཟིགས་མཁན་མང་ཤོས།
༡
དྲ་སྣང་གི་བོད། ༢༠༢༡ ཟླ་༡ ཚེས་༢༢
༢
བོད་པ་ཨ་རི་བ་ཞིག་གི་སྲིད་འཛིན་དམ་འབུལ་མཛད་སྒོའི་ཚོར་སྣང་།
༣
ཀུན་གླེང་གསར་འགྱུར། ༢༠༢༡ ཟླ་༡ ཚེས་༡༥
རླུང་འཕྲིན་གསན་མཁན་མང་ཤོས།
༡
སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སྤྱི་ཚོགས་དྲྭ་རྒྱ་བཀོལ་སྦྱོད་ཀྱི་ཤུགས་རྐྱེན།
༢
ཕྱི་སྲིད་དྲུང་ཆེ་གསར་པས་རྒྱ་ནག་ལ་འཛིན་པའི་ཐབས་ཇུས།
༣
ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས་པ།
༤
རྒྱ་དཀར་ནག་གཉིས་ཀྱི་དམག་དཔོན་ཚོས་གྲོས་མོལ་སྐོར་ཐེངས་དགུ་པ་བྱས།
༥
རྫ་དབོན་པོ་དགོན་ནས་གྲྭ་བ་བཞི་འཛིན་བཟུང་བཀག་ཉར་བྱས་འདུག
Adobe flash Player སྟོན་སྟངས།
Embed
share
བོད་པ་ཚོས་ནིའུ་ཡོག་གི་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་ངོ་རྒོལ།
Embed
share
The code has been copied to your clipboard.
width
px
height
px
The URL has been copied to your clipboard
No media source currently available
0:00
0:02:54
0:00
བོད་པ་ཚོས་ནིའུ་ཡོག་གི་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་ངོ་རྒོལ།
འདི་ལ་དགའ་པོ་ཡོང་སྲིད།
ཊམ་ལ་ཉེས་འཛུགས་བྱུང་བ་གྲོས་ཚོགས་གོང་མར་འབུལ་རྒྱུ།
རྒྱ་དཀར་ནག་འབྲས་ལྗོངས་ཀྱི་ས་མཚམས་སུ་འཁྲུག་འཛིང་བྱུང་སྐད།
༧གོང་ས་མཆོག་གིས་ཀ་མ་ལ་ཧེ་རི་སི་ལ་རྟེན་འབྲེལ་ཞུས་པ།
བོད་པ་ཚོས་ནིའུ་ཡོག་གི་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་ངོ་རྒོལ།
ཨ་རིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་དུ་ངེས་གཏན།
ན་གཞོན་གོམ་བགྲོད་པ་གཉིས་པོ་ཉིན་ཤས་ནང་སྣ་ཐོད་ལར་འབྱོར་གྱི་འདུག .
Back to top
XS
SM
MD
LG