ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

འབར་མའི་ནང་དུ་ཞི་བདེ་བརྟན་ལྷིང་མེད་པར་རྒྱ་གར་གྱིས་བློ་འཚབ།


༄༅།། འབར་མའི་ཡུལ་སྡེ་ཁག་ཏུ་རང་ཁྱིམ་དུ་ལག་བཟོ་བྱས་པའི་མེ་མདའ་དང་འབར་རྫས་སོགས་མཚོན་ཆ་ཐོགས་པའི་སྒྲིག་འཛུགས་ཤིག་ཚུགས་ཡོད་ཅིང་། ཁོ་ཚོས་འབར་མའི་དམངས་གཙོའི་སྲིད་གཞུང་རྒྱལ་ཁབ་དེའི་དམག་གི་འགོ་ཁྲིད་ཚོས་ཟླ་བ་བཞི་ལྷག་གོང་དུ་མགོ་རྟིང་སློག་པར་དྲག་པོའི་འཐབ་འཁྲུག་བརྒྱབ་སྟེ་འབར་མའི་དམངས་གཙོའི་སྲིད་གཞུང་སླར་གསོ་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་ཡོད་པར་མ་ཟད། འབར་མའི་དམག་གི་རྡུང་རྡེག་དང་དྲག་གནོན་ལ་གཡོལ་བར་མི་སྟོང་ཕྲག་མང་པོ་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ལ་བྲོས་བྱོལ་ལ་འབྱོར་བཞིན་ཡོད་པས་མངའ་ཁུལ་དེ་འབར་མའི་དམངས་གཙོའི་ཕྱོགས་གཏོགས་པའི་ལྟེ་གནས་ཞིག་ཏུ་གྱུར་ཏེ་རྒྱ་གར་ལ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG