ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཀྱིས་གནམ་གཤིས་ཀྱི་ཐད་གྲོས་མཐུན་གསར་པ།


པོ་ལནཌ་ཡུལ་གྱི་རྒྱལ་ས་ཝར་སའོ་ཡི་ནང་འདས་པའི་གཟའ་འཁོར་ གཉིས་ཀྱི་རིང་རྒྱལ་ཁབ་༡༩༠ནས་ཕེབས་པའི་སྐུ་ཚབ་འཐུས་མི་རྣམས་ཀྱིས། གནམ་གཤིས་ཀྱི་ཐད། ལོ་རེའི་ལྷན་ཚོགས་ནང་མཉམ་ཞུགས་གནང་སྟེ་གྲོས་ བསྡུར་ལྷུག་པོ་གནང་པ་དེ་རེས་གཟའ་སྤེན་པའི་ཉིན་མཇུག་བསྡུས་ཡོད་པ་དང་། ཚོགས་ཞུགས་སྐུ་ཚབ་འཐུས་མི་རྣམས་ཀྱིས་རྒྱལ་ཁབ་སྒེར་སོ་སོའི་ངོས་ནས་ རྒྱལ་ནང་དུ་བཙོག་རླུང་ཉུང་འཕྲི་བྱ་ཕྱོགས་ཐད་ཀྱི་ལས་འཆར་རེ་ཡོད་པ་བྱ་ རྒྱུར་མོས་མཐུན་བྱས་པའི་སྒོ་ནས། གནམ་གཤིས་ཀྱི་ཐད་གྲོས་མཐུན་ཞིག་འཇོག་ ཐུབ་རྒྱུའི་ཆེད་ཀྱི་བརྒྱུད་རིམ་མུ་མཐུད་མདུན་བསྐྱོད་བྱེད་ཐུབ་པ་བྱུང་ཡོད་ཀྱང་། ཕྱི་ལོ་༢༠༡༥ལོའི་ནང་གནམ་གཤིས་ཀྱི་ཐད་རྒྱལ་སྤྱིའི་གྲོས་མཐུན་གསར་པ་ ཞིག་འཇོག་ཐབས་སུ། མི་མཐུན་པའི་གནད་དོན་ད་དུང་མང་པོ་ཡོད་པའི་ དབང་གིས། རྒྱལ་སྤྱིའི་སྡེ་ཚོགས་ཁ་གྱེས་དུམ་བུར་གནས་མུས་ཡིན་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ གནས་ཚུལ་སྤེལ་བ་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG