ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་རྒྱལ་འཛུགས་དུས་ཆེན་ཐེངས་༦༤པ།


རྒྱལ་ཁབ་ཅིག་གི་རྒྱལ་འཛུགས་དུས་ཆེན་དེ། རྣམ་ཀུན་སྲུང་བརྩིའི་མཛད་ སྒོ་ འཁྱུགས་ཙམ་གྱི་རིང་བྱས་པའི་མཇུག་ཏུ། གནས་ཚུལ་དེའི་སྐོར་ལམ་འཕྲལ་ གཏིང་བརྗེད་དུ་འགྲོ་ཡི་ཡོད་ཀྱང་། རྒྱ་ནག་གི་ནང་དེ་ལྟར་མ་ཡིན་པར། རེས་ གཟའ་མིག་དམར་གྱི་ཉིན་རྒྱ་ནག་གི་རྒྱལ་འཛུགས་དུས་ཆེན་ཐེངས་༦༤པ་དེ་ སྲུང་བརྩི་ཞུ་བའི་སྐབས་སུ། རྒྱ་ནག་ཁྱོན་ཡོངས་ཀྱི་བརྙན་འཕྲིན་ཁག་གི་ནང་ དང་། ཁྱབ་བསྒྲགས་བྱེད་སའི་ལྡེབས་རིས་ཆེན་པོའི་ཐོག་ ཚོན་མདོག་ ཧར་པོས་བྲིས་པའི་ཨང་ཀི་༦༤་གང་སར་མཐོང་རྒྱུ་ཡོད་པའི་གནད་དོན་གྱི་ ཐད་མི་མང་པོའི་སེམས་ནང་མ་སྐྱིད་པ་ཡོང་གི་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་ གནས་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་ ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG