ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་འཕྲོད་བསྟེན་སྒྲིག་འཛུགས་ལ་ཉེན་བརྡ་གཏོང་དུ་བཅུག་མེད་སྐད།


ཨ་མི་རི་ཀའིདབུས་གསང་བའི་ལས་ཁང་གིས་ལོ་འདིའི་ཕྱི་ཟླ་དང་པོའི་ནང་དུ་ཝུ་ཧན་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་སྟེ་ཛ་དྲག་གི་གནས་སུ་གྱུར་ཀྱང་རྒྱ་ནག་གིས་འཛམ་གླིང་ཡུལ་གྲུ་ཁག་ནས་སྨན་ཁང་གི་ཡོ་བྱད་སོགས་ནང་འདྲེན་བྱ་རྒྱུ་གཙིགས་སུ་བཟུང་སྟེའཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལཝུ་ཧན་གྲོང་ཁྱེར་དུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་ཚབས་ཆེའི་འགོས་ནད་ཅིག་ཡིན་པ་དང་འཛམ་གླིང་ཡོངས་ཀྱིས་དེ་ལ་སྔོན་འགོག་གི་གྲ་སྒྲིག་བྱ་དགོས་ཞེསཁྱབ་བསྒྲགས་བྱ་རྒྱུ་ནར་འགྱངས་གཏོང་དུ་བཅུག་ཡོད་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་འདུག དེ་རིང་གཟའ་ལྷག་པའི་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་དང་རྒྱལ་ཡོངས་བསྐྱར་ཞིབ་དུས་དེབ་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཝུ་ཧན་གྲོང་ཁྱེར་དུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་ོ་ལ་ཀུན་ཁྱབ་ཀྱི་ཛ་དྲག་གི་གནས་ཚུལ་ཞིགདང་མིའི་བདེ་ཐང་ལ་གནོད་ཚབས་ཆེ་བའི་འགོས་ནད་ཅིག་ཡིན་པའི་ཁྱབ་བསྒྲགས་བྱེད་ཚེ། རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རིམས་ནད་སྔོན་འགོག་གི་ལས་དོན་ཐོག་ཏུ་མཉམ་འབྲེལ་བྱ་རྒྱུ་མིན་ཞེས་སྡིགས་ར་བསྐུལ་ཡོད་པའི་སྡོམ་ཚིག་བརྒྱབ་འདུག

གཟའ་འཁོར་འདིར་ཨ་རིའི་དབུས་གསང་བའི་ལས་ཁང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རྒྱ་ནག་གིས་གནོན་ཤུགས་སྤྲད་པ་རེད་ཅེས་སྙན་ཐོ་བཏོན་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁང་ཞིག་གིས་སྙན་ཐོ་དེ་འདྲ་ཞིག་བཏོན་པ་ཐེངས་གཉིས་པ་ཡིན་ཞིང་། བདུན་ཕྲག་སྔོན་མར་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་གསང་བའི་ལས་ཁང་གིས་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༢༡་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ལ་ཐུག་འཕྲད་ཀྱི་སྐབས་སུ་ཞིས་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་འཛམ་གླིང་ཀུན་གྱི་བདེ་འཇགས་ལ་ཉེན་ཚབས་ཅན་ཞིག་རེད་ཅེས་ཁྱབ་བསྒྲགས་བྱ་རྒྱུ་ངང་འཐེན་བྱ་དགོས་པའི་གནོན་ཤུགས་སྤྲད་པ་རེད། དེང་སྐབས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་གང་ཡིན་དང་འཛམ་གླིང་ཡོངས་ལ་རིམས་ནད་ཁྱབ་གདལ་བཏང་བའི་ལན་ཁག་སུ་ལ་ཡོད་མེད་ཐོག་ཏུ་རྒྱ་ནག་དང་ཨ་མི་རི་ཀར་འཐབ་རྩོད་ལངས་ཡོད་པ་འགལ་ཟླ་ཆེ་རུ་གཏོང་རྒྱུ་ཉག་ཅིག་རེད་ཅེས་གནས་ཚུལ་སྤེལ ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་འབུམ་༣་མ་ཟིན་ཙམ་ལ་འཆི་སྐྱོན་བྱུང་བ་དང་མི་ས་ཡ་་ལྷག་ལ་ནད་མནརཨ་མི་རི་ཀ་གཅིག་པུར་མི་ཁྲི་ཚོ་༨་ལྷག་ལ་འཆི་སྐྱོན་དང་མི་༡༣༠༠༠༠༠ལྷག་ནད་དུག་འགོས་ཡོད་པ་རེད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་དངོས་སུ་ཏོག་དབྱིབས་རིམས་ནད་གོ་ལ་ཀུན་ཁྱབ་ཀྱི་ཛ་དྲག་གི་འགོས་ནད་ཅིག་ཡིན་པའི་ཁྱབ་བསྒྲགས་བྱ་རྒྱུ་དེར་བཀག་འགོག་བྱས་པའི་གནས་ཚུལ་བྱུང་མྱོང་མེད་ཅེས་ཨ་རིའི་དབུས་གསང་བའི་ལས་ཁང་དང་འཇར་མན་ཎིའི་གསང་བའི་ལས་ཁང་གི་ཐོ་སྙན་ཁག་ལ་དགག་པ་བརྒྱབ། འོན་ཀྱང་འཛམ་གླིང་འཕྲོད་བསྟེན་བསྒྲིགས་འཛུགས་ཀྱི་ལས་སྣེ་ཚོས་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཉེན་ཁ་ཆེ་བའི་འགོས་ནད་ཅིག་རེད་ཅེས་ཁྱབ་བསྒྲགས་བྱ་རྒྱུ་ནར་འགྱངས་གཏོང་དགོས་པའི་གནོན་ཤུགས་སྤྲད་ཡོད་མེད་ལ་འགྲེལ་བཤད་གང་ཡང་རྒྱག་གི་མེད་ཅིང་། འཛམ་གླིང་འཕྲོད་བསྟེན་འཛུགས་ཀྱི་མགྲིན་ཚབ་པས་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་ང་ཚོས་རྒྱལ་སྤྱིའི་སྒྲིག་འཛུགས་དེའི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་གྲོས་མོལ་ཅི་ཞིག་བྱས་མིན་གྱི་ཞིབ་ཕྲ་ཁག་གླེང་སློང་བྱེད་སྲོལ་མེད། ཡིན་ནའང་ནད་ཡམས་ཤིག་འབྱུང་རེ་བཞིན་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ལས་འགན་ཡོད་པ་རྣམས་ཚུལ་བཞིན་བསྒྲུབས་ཏེ་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཚན་རིག་དང་སྤྱི་དམངས་འཕྲོད་བསྟེན་གྱི་ལག་ལེན་ཁག དཔང་རྟགས་དང་གཞི་གྲངས། ཚད་ཐུབ་ཀྱི་མཁས་པ་ཚོས་ལམ་སྟོན་བྱས་པ་རྣམས་གཞི་བཞག་སྟེ་རིམས་ནད་གང་ཞིག་ཉེན་ཚབས་ཆེན་པོ་ཡིན་མིན་གྱི་ཁྱབ་བསྒྲགས་བྱེད་ཀྱི་ཡོད། སྤྱི་ཁྱབ་འགན་འཛིན་ཊེ་ཌི་རོས་ཕྱི་ཟླ་དང་པོའི་ཚེས་༢༠་དང་ཚེ༢༡། ཚེས་༢༢་བཅས་ལ་ཞིས་ཅིན་ཕིང་དངཐུག་འཕྲད་གྲོས་མོལ་བྱསམྱོང་མེད། ཕྱི་ཟླ་དང་པོའི་ཚེས་༢༨་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཐོ་རིམ་རུ་ཁག་ཅིག་གིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱས་ཡོད། སྐབས་དེ་ལའང་ཞིས་ཅིན་ཕིང་གིས་གནད་དོན་དེ་འདྲ་ཞིག་གླེང་སློང་བྱས་མ་སོང་ཞེས་ལན་འདེབས་བྱས་འདུག

ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཞིག་གིས་ཀྱང་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་ཞིས་ཅིན་ཕིང་གིས་དངོས་སུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་གནོན་ཤུགས་སྤྲད་ཡོད་མེད་ནི་ཁ་ཚོན་གཅོད་དཀའ་་ཞིག་རེད་ཅེས་བཤད། ཕྱི་ཟླ་དང་པོའི་ཚེས་༢༨་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་རྒྱ་ནག་ལ་ཕེབས་ནས་མི་དམངས་ཚོགས་ཁང་ཆེན་མོར་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱས་འདུག ཐེངས་དེའི་ཚོགས་འདུའི་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཁས་པའི་ཚོགས་ཆུང་ཞིག་གིས་རྒྱ་ནག་ལ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་རྒྱལ་སྤྱིའི་ཛ་དྲག་གི་རིམས་ནད་ཅིག་ཡིན་པའི་ཁྱབ་བསྒྲགས་བྱ་དགོས་མིན་གྲོས་བསྡུར་བྱས་ཤིང་། ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་རིམས་ནད་གོ་ལ་ཀུན་ཁྱབ་ཀྱི་ཚབས་ཆེའི་འགོས་ནད་ཅིག་རེད། རྒྱ་ནག་གིས་བསམ་བཞིན་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་དང་ཕྱིར་བསྒྲགས་མ་བྱས་པ་སོགས་ཀྱི་ནོར་འཁྲུལ་གང་ཡང་བྱས་མི་འདུག ངས་གསལ་པོ་བྱས་ནས་བཤད་དགོས་པ་ཞིག་ལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འདི་ལྟར་ཁྱབ་བསྒྲགས་བྱས་པ་ནི་རྒྱ་ནག་ལ་ཡིད་ཆེས་མེད་པས་མིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སྔར་བཞིན་རྒྱ་ནག་གི་འཇོན་ཐང་དང་ནད་ཡམས་སྔོན་འགོག་གི་ནུས་པ་བཅས་ལ་ཡིད་ཆེས་ཡོད་ཅེས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊེ་ཌི་རོས་བསྒྲགས།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊེ་ཌི་རོའི་ཁྱབ་བསྒྲགས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཙོ་བོར་གྱུར་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྐྱོན་བརྗོད་དྲག་པོ་བྱས་པར་མ་ཟད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་རྒྱ་ནག་གི་སྲི་ཞུ་ཁང་ཞིག་ལ་གྱུར་འདུག་ཅེས་ཁ་རྡུང་བཏང་བ་དང་ཁ་སྔོན་ཕྱི་ཟླ་༣་པ་ནས་ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་འགྲོ་གྲོན་རོགས་དངུལ་སྤྲོད་རྒྱུ་མཚམས་བཞག ད་ལྟ་འཛམ་གླིང་ཡོངས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་དཔལ་འབྱོར་དང་ཚོང་ལས་ལ་དོ་ཕོག་འགྲོ་སྲིད་པའི་འཇིགས་སྣང་གིས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་དུས་ཐོག་ཏུ་ཕྱིར་བསྒྲགས་མ་བྱས་པ་དང་ཆེ་མངགས་སྦ་གསང་བྱས་པ་རེདརྒྱ་ནག་གཞུང་གིས་ཝུ་ཧན་ལ་གློ་ཚད་ལྟ་བུའི་ནད་ཡམས་ཤིག་ཁྱབ་གདལ་འགྲོ་བཞིན་འདུག་ཅེས་ཉེན་བརྡ་གཏོང་མཁན་སྨན་པ་ཚོ་ཁ་བཀག་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དམག་གིས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་བཏང་བ་རེད་ཅེས་སྐྱོན་བཙུགས། ད་ལྟ་ཨ་རིའི་དབུས་གསང་བའི་ལས་ཁང་དང་འཇར་མན་ཎིའི་གསང་བའི་ལས་ཁང་གཉིས་ཀས་རྒྱལ་སྤྱིའི་ཐོག་ཏུ་རིམས་ནད་སྔོན་འགོག་ལ་གནད་འགག་ཆེ་བའི་ཉི་མ་༦་གི་རིང་དུ་རྒྱ་ནག་གཞུང་གིས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་མི་འདུག དེའི་རྒྱུ་མཚན་ནི་རྒྱ་ནག་གི་སྨན་ཁང་ཁག་ལ་དགོས་ངེས་ཀྱི་སྨན་དང་སྨན་བཅོས་ཀྱི་མཐུན་རྐྱེན། སྨན་ཁང་གི་ཡོ་བྱད་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ནང་འདྲེན་བྱ་རྒྱུ་དེར་དམིགས་ནས་རྒྱ་ནག་གཞུང་གིས་རང་ཡུལ་ལ་ནད་ཡམས་ཤིག་ཁྱབ་གདལ་འགྲོ་བཞིན་པ་ཕྱིར་བསྒྲགས་བྱ་རྒྱུ་ཕར་འགྱངས་བྱས་པ་རེད་ཅེས་མཐའ་སྡོམ་བརྒྱབ་འདུག

XS
SM
MD
LG