ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

ཐེ་ཝན་ཐོག་དམག་བརྒྱབ་དགོས་མིན་སྐོར་ཞི་ཅིན་ཕིང་གི་ཐེ་ཚོམ་ཇེ་ཆེ།


ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝེ་ལེམ་བྷན་སི་William Burns ལགས་ནས། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གིས་༢༠༢༧ ལོར་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་བྱས་ཚར་དགོས་ཞེས་རྒྱ་ནག་གི་དམག་དཔུང་ལ་བཀོད་ཁྱབ་བཏང་མྱོང་ཡོད་ཀྱང་། ཕུ་ཊིན་ས་ནས་བླངས་བའི་ཉམས་མྱོང་དང་བསླབ་བྱ་དེ་དག་ལས་འབྱུང་འགྱུར་ཐེ་ཝན་ལ་དམག་བརྒྱབ་དགོས་མིན་དང་ཡང་ན་རྒྱ་ནག་དམག་དཔུང་ལ་ཐེ་ཝན་ཐོག་དམག་བརྒྱབ་པའི་ནུས་པ་ཡོད་མེད་ཐད་ཞི་ཅིན་ཕིང་གི་ཐེ་ཚོམ་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་གསུངས་འདུག

སྤྱི་ཟླ་༧ པའི་ཚེས་༡༨ ནས་༢༡ ཉིན་གྱི་བར་སྐོང་འཚོགས་གནང་བའི་ཨཱ་སི་ཕན་Aspen བདེ་འཇགས་གླེང་སྟེགས་ཐོག་ལ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝེ་ལེམ་བྷན་སི་William Burns ལགས་ནས་གསུངས་དོན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གིས་༢༠༢༧ ལོར་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་བྱས་ཚར་དགོས་ཞེས་རྒྱ་ནག་གི་དམག་དཔུང་ལ་བཀོད་ཁྱབ་བཏང་མྱོང་ཡོད་ཀྱང་། ཕུ་ཊིན་གྱིས་ཡུག་ཁེ་རན་ལ་བཙན་འཛུལ་བྱེད་དུས་ཨུ་རུ་སུའི་དམག་དཔུང་ལ་གོ་མཚོན་མ་ལག་དང་དམག་དོན་བཀོད་འདོམས་སོགས་ཕྱོགས་གང་ཅིའི་ཐད་ནས་སྐྱོན་ཆ་མང་པོ་ཞིག་དོན་ཡོང་གི་ཡོད་པ་དང་།ུག་ཁེ་རན་ལ་དམག་མིའི་གྲངས་འབོར་ཉུང་ཉུང་ཡིན་ཡང་རྒྱལ་ཁ་ལེན་བཞིན་ཡོད་པ། དེ་བཞིན་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་མཐུན་གྲོགས་ཚོ་དང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ཨུ་རུ་སུ་ལ་ཁ་གཏད་འཇལ་བཞིན་པའི་གནས་སྟངས་དེ་ལ་ཞི་ཅིན་ཕིང་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་སྟབས། ཉམས་མྱོང་དང་བསླབ་བྱ་དེ་དག་ལས་འབྱུང་འགྱུར་ཐེ་ཝན་ལ་དམག་བརྒྱབ་དགོས་མིན་དང་ཡང་ན་རྒྱ་ནག་དམག་དཔུང་ལ་ཐེ་ཝན་ཐོག་དམག་བརྒྱབ་པའི་ནུས་པ་ཡོད་མེད་ཐད་ཞི་ཅིན་ཕིང་གི་ཐེ་ཚོམ་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་གསུངས་འདུག

ན་ནིང་ལོའི་སྤྱི་ཟླ་༡༠ པའི་ནང་ཝེ་ལེམ་བྷེན་སི་William Burns ལགས་ནས། ཞི་ཅིན་ཕིང་གིས་རྒྱ་ནག་གི་དམག་དཔུང་ལ་༢༠༢༧ ལོར་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུར་གྲ་སྒྲིག་བྱས་ཚར་དགོས་པའི་བཀོད་ཁྱབ་བཏང་ཡོད་ཚུལ་གསུངས་མྱོང་ཡོད་ཀྱང་། ཉེ་ལམ་ཁོང་གིས་དེས་རྒྱ་ནག་དམག་དཔུང་གིས་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུ་དེ་ནི་ཁ་ཚ་དགོས་གཏུག་དང་ལྡོག་ཐབས་མེད་པ་ཞིག་ཡིན་པ་མཚོན་མི་ཐུབ། ཡིན་ན་ཡང་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ངོས་ནས་ཞི་ཅིན་ཕིང་གིས་ཐེ་ཝན་ལ་བཙན་འཛུལ་བྱ་སྲིད་པའི་ཧམ་སེམས་ལ་སྣང་ཆུང་གཏོང་གི་མེད། ཞི་ཅིན་ཕིང་གིས་རྒྱུ་རྐྱེན་གང་རུང་ཞིག་ལ་ཁ་གཡར་ནས་དམག་ལངས་སྲིད་པ་རེད་ཅེས་ཉེན་བརྡ་བཏང་གནང་འདུག ཝེ་ལེམ་བྷེན་སི་William Burns ལགས་ནས་ད་ལོའི་སྤྱི་ཟླ་༢ པའི་ནང་ཐེ་ཝན་སྐོར་ལ་དེ་མཚུངས་ཀྱི་ཚོད་དཔག་བྱས་མྱོང་ཡོད་པ་རེད།

དེ་བཞིན་དུ་ཨ་རིའི་ཧི་རྡུལ་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་མཚོ་དམག་གི་དམག་སྤྱི་ཇཱོན་ཨཱ་ཁའེ་ལི་ནོ་John Aquilino ལགས་ནས་ཀྱང་ད་རེས་༢༠༢༣ ལོའི་ཨཱ་སི་ཕན་Aspen བདེ་འཇགས་གླེང་སྟེགས་ཐོག་ལ། གལ་སྲིད་ཞི་ཅིན་ཕིང་གིས་ཐེ་ཝན་ལ་དམག་ལངས་པའི་དབང་དུ་བཏང་ན། དེའི་འབྱུང་རྐྱེན་གཙོ་བོ་ནི་ཐེ་ཝན་གྱིས་རང་བཙན་ཁྱབ་བསྒྲགས་བྱ་རྒྱུ་དེ་ཆགས་སྲིད་པ་རེད་ཅེས་གསུངས་འདུག

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝེ་ལེམ་བྷན་སི།
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝེ་ལེམ་བྷན་སི།

ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུག་ཁེ་རན་ལ་བཙན་འཛུལ་བྱ་རྒྱུའི་བཀོད་ཁྱབ་མ་བཏང་སྔོན་ཙམ་ལ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཕུ་ཊིན་གྱིས་འདི་ལྟ་བུའི་ཐག་གཅོད་བྱ་སྲིད་པའི་སྐོར་ཉེན་བརྡ་བཏང་མྱོང་ཡོད་པས། ཝེ་ལེམ་བྷེན་སི་William Burns ལགས་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཡིན་མིན་ཐད་སྔ་ས་ནས་ཉེན་བརྡ་གཏང་ཐུབ་རྒྱུར་ཁོ་ཚོས་འབད་བརྩོན་བྱེད་བཞིན་ཡོད། ཨ་རིས་རྒྱ་ནག་གི་གསང་བའི་ཆ་འཕྲིན་བསྡུ་རུབ་བྱེད་ཐབས་ཐད་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་ཕོན་ཆེན་བཏང་ནས་ད་བར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད། ༢༠༡༠ ལོ་ནས་བཟུང་སྟེ། རྒྱ་ནག་གཞུང་གིས་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་རྒྱ་ནག་ནང་གི་མ་ལག་རྩ་གཏོར་བཏང་ཡོད་པར་མ་ཟད། ཨ་རིའི་གསང་བའི་ལས་ཁུངས་ཀྱི་གསང་འཕྲིན་པ་བཅུ་གྲངས་འགའ་ཤས་དམར་གསོད་དང་བཙོན་འཇུག་བྱས་ཏེ། རྒྱ་ནག་ནང་གི་ཨ་རིའི་གསང་བའི་ལས་དོན་དེ་བཞིན་ལོ་མང་རིང་ལ་ལས་ནུས་ཤོར་བཅུག་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུ

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝེ་ལེམ་བྷེན་སི་William Burns ལགས་ཟླ་བ་གོང་མའི་ནང་གསང་བའི་ཐོག་ནས་པེ་ཅིང་དུ་ཕེབས་ཡོད་ཅིང་། དེ་ནི་༢༠༢༡ ལོའི་སྤྱི་ཟླ་༧ པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཝེན་ཊི་ཤེར་མན་ལགས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ནས་ད་བར་རྒྱ་ནག་ཏུ་ཕེབས་མཁན་གྱི་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད། སྲིད་དོན་དབྱེ་ཞིབ་པ་འགས་དེ་ནི་ཨ་རྒྱ་གཉིས་བར་ཀྱི་འབྲེལ་ལམ་ཞི་ལྷོད་འགྲོ་འགོ་ཚུགས་པའི་རྟགས་མཚན་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག

XS
SM
MD
LG