ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྔ་བར་ས་ཆའི་བདག་དབང་གི་ཐད་ངོ་རྒོལ་བྱུང་བ།


སྤྱི་ལོ་༡༩༨༦ལོའི་སྤྱི་ཟླ་དྲུག་པའི་ནང་། བོད་མདོ་སྨད་རྔ་བ་མཁར་གྲོང་སྡེ་བ་དང་པོའི་ཁྱིམ་ཚང་བཅུ་དྲུག་གི་ས་ཞིང་མུའུ་༤༠རྫོང་སྲིད་གཞུང་གིས་ངོ་དགའ་དང་ཆ་རྐྱེན་མང་པོ་ཁས་ལེན་བྱས་ཏེ་ས་གནས་མང་ཚོགས་ཀྱི་ལག་ནས་བླངས་ཡོད་འདུག ས་གནས་སྲིད་གཞུང་གིས་སྐབས་དེར་ཁས་ལེན་བྱས་པའི་གུན་གསབ་མ་དངུལ་སྤྲོད་རྒྱུ་སོགས་ལག་བསྟར་བྱས་མེད་པས། བོད་མི་ཚོས་ལོ་ངོ་༢༧རིང་ལ་ས་གནས་སྲིད་གཞུང་གི་འགོ་ཁྲིད་རིམ་པར་ཞུ་བཏུགས་ཐེངས་༥༠ལྷག་བྱས་ཡོད་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པར་བརྟེན། ཟླ་བ་སྔོན་མའི་ནང་དུ་ཁྱིམ་ཚང་བཅུ་དྲུག་གི་མི་རྒན་པ་རྣམས་ས་ཆའི་བདག་དབང་འཐབ་རྩོད་ཆེད་ས་གནས་སུ་གུར་ཕུབ་སྟེ་ངོ་རྒོལ་བྱས་ཡོད་པ་རེད། ད་ལྟ་ཉེན་རྟོག་པས་བཙན་དབང་རྐྱེན་པས་ལས་འགུལ་མཚམས་འཇོག་བྱ་དགོས་བྱུང་ཡོད་འདུག་པ། འདིའི་སྐོར་ཚེ་རིང་སྐྱིད་ཀྱི་གནས་ཚུལ་མཁོ་འདོན་པ་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་སུ་གླེང་མོལ་བྱས་ཡོད་པ་ཞིག་ལ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG