ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༢/༠༦
རྒྱ་ནག
འབར་མའི་སྲིད་གཞུང་མགོ་རྟིང་སློག་པར་རྒྱ་ནག་གིས་བསམ་ཞིབ།
༠༣།༠༢།༢༠༢༡
འབར་མའི་སྲིད་གཞུང་མགོ་རྟིང་སློག་པར་རྒྱ་ནག་གིས་བསམ་ཞིབ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
འབར་མའི་སྲིད་གཞུང་མགོ་རྟིང་སློག་པར་རྒྱ་ནག་གིས་བསམ་ཞིབ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:07
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། ཉེ་དུས་འབར་མའི་དཔུང་དམག་གིས་མི་དམངས་ཚོས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་གཞུང་མགོ་རྟིང་སློག་པའི་གནད་དོན་ཐད་རྒྱ་ནག་དང་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དཔྱད་ཞིབ་པ་ཚོས་འགྲེལ་བརྗོད་བྱས་པའི་གནས་ཚུལ་ཁག་ལ་གཞིགས་ཚེ། རྒྱ་ནག་གཞུང་ནི་འབར་མའི་དྲག་པོའོ་དཔོན་རིགས་ཁག་དང་ཨང་སན་སུ་ཆིས་སྣེ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པ་གཉིས་ཀར་འབྲེལ་བ་བཟང་པོ་ཡོད་ཅིང་། དེས་ན་འབར་མའི་དམག་གི་དཔོན་རིགས་ཚོས་ཡུལ་དེའི་སྲིད་གཞུང་མགོ་རྟིང་སློག་པར་རྒྱ་ནག་གཞུང་གིས་ལངས་ཕྱོགས་གང་འདྲ་ཞིག་འཛིན་དགོས་མིན་རྣམ་འགྱུར་གསལ་པོ་ཞིག་སྟོན་མ་ཐུབ་པར་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཞིག་ཐོན། རྒྱ་ནག་གིས་འབར་མའི་ནང་དུ་མ་རྩ་ཕོན་ཆེ་བཙུགས་ནས་ལས་གཞི་ཁག་གཉེར་གྱི་ཡོད་པར་མ་ཟད། འབར་མ་དང་རྒྱ་ནག་གི་ས་མཚམས་ཁུལ་དུ་བདེ་འཇགས་དང་ཞི་བེད་མེད་པར་འགྱུར་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།
ཉམས་ཞིབ་པ་ཁག་ཅིག་གིས་གཟའ་འཁོར་འདིར་འབར་མའི་དྲག་པོའི་ དཔོན་རིགས་ཚོས་སྲིད་དབང་བཙན་འཕྲོག་བྱས་ནས་དཀའ་རྙོག་བསླངས་པ་ནི་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཤིག་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཉེ་ལམ་ཕྱི་ཟླ་༢་ཚེས་༡་ཉིན་འབར་མའི་དྲག་པོའི་དཔོན་རིགས་ཚོས་ཡུལ་དེའི་སྲིད་དབང་བཙན་འཕྲོག་བྱས་པ་དང་ཆབས་ཅིག འབར་མ་རྒྱལ་ཡོངས་སུ་ལོ་གཅིག་ལ་ཛ་དྲག་གི་ཁྲིམས་གཞི་བསྡམ་རྒྱུ་ཡིན། འབར་མའི་ཆེས་མཐོའི་འགོ་ཁྲིད་ཨང་སན་སུ་ཆི་དང་སྲིད་འཛིན་ཝིན་མཱི་དབྱིན་ཊེ་ཚུད་པའི་གནད་ཡོད་འགོ་ཁྲིད་ཁག་ཅིག་དོ་དམ་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག
ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་གཞུང་གཉེར་གསར་ཤོག་དབྱིན་ཡིག་གི་གོ་ལའི་དུས་བབ་ཚགས་པར་ལ་ཕྱི་ཚེས་༡་ཉིན་དཔྱད་བརྗོད་ཅིག་སྤེལ་ནས་འབར་མར་ཆབ་སྲིད་ཀྱི་དཀའ་རྙོག་འཕྲད་བཞིན་པ་སེལ་ཐབས་སུ་ཨ་མི་རི་ཀས་རྒྱ་ནག་ལ་གནོན་ཤུགས་སྤྲོད་སྲིད་ཅེས་བཀོད། ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་འབར་མའི་ཆབ་སྲིད་བརྟན་ལྷིང་མེད་པའི་གོ་སྐབས་བཟུང་ནས་འབར་མ་རྒྱལ་ཁབ་ལ་འབྲེལ་བ་སླར་གསོ་བྱེད་པར་རྒྱལ་ཁབ་དེའི་དཀའ་རྙོག་བེད་སྤྱོད་བྱས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་སྲིད་ཅེས་གླེང་སློང་བྱས་འདུག དེ་བཞིན་རྒྱ་ནག་གི་ཧྥུ་ཅན་ཞིང་ཆེན་དུ་ཡོད་པའི་ལྷོ་ཤར་ཨེ་ཤི་ཡའི་སློབ་སྦྱོང་བྱ་ཡུལ་ཤཱ་མེན་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ཧྥན་ཧོང་ཝཱེས་ཧོང་ཀོང་གི་གསར་ཤོག་ཅིག་གི་གསར་འགོད་པར་བརྗོད་པ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་འབར་མའི་གནས་སྟངས་དེ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ངང་སྒྲུག་བྱས་ནས་བསྡད་འདུག་ཅེས་བརྗོད།།
ཧོང་ཀོང་ལ་རྟེན་གཞི་བྱས་པའི་ལྷོ་རྒྱ་ནག་སྔ་དྲོའི་ཕོ་ཉ་ཞེས་པའི་ གསར་ཤོག་ལ་ཕྱི་ཚེས་༡་ཉིན་རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་ཚོས་ཚོད་དཔག་བྱས་པའི་གནས་ཚུལ་ཁག་ལུང་འདྲེན་བྱས་པར་གཞིགས་ན། ད་ལྟའི་འབར་མའི་ཆབ་སྲིད་ཀྱི་དཀའ་རྙོག་ནི་གནས་སྐབས་ཀྱི་དཀའ་ངལ་ཞིག་ཡིན་པ་ལས་རྒྱ་ནག་དང་རྒྱ་ནག་གི་ཡུལ་མི་ཚོར་དམིགས་བསལ་གྱི་ཤུགས་རྐྱེན་གང་ཡང་ཐེབས་བཟོ་མེད་པའི་ངོས་འཛིན་བྱས་ཤིང་། དེ་དང་ཕྱོགས་མཚུངས་སུ་མིང་འདོན་བྱེད་འདོད་མེད་པའི་རྒྱ་ནག་གི་དྲག་པོའི་མི་སྣ་ཞིག་གིས་ལྷོ་རྒྱ་ནག་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་གི་གསར་འགོད་པར་རྒྱ་ནག་ནི་འབར་མའི་དྲག་པོའི་དཔོན་རིགས་ཁག་དང་ཨང་སན་སུ་ཆི་གཉིས་ཀར་འབྲེལ་ལམ་བཟང་པོ་ཡོད། འབར་མའི་དྲག་པོའི་དཔོན་རིགས་ཚོས་ཡུལ་དེའི་སྲིད་གཞུང་མགོ་རྟིང་སློག་པར་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་དང་སྐྱོན་བརྗོད་གཉིས་ཀ་བྱེད་མི་བདེ་བ་ཞིག་ཏུ་གྱུར་སོང་ཞེས་འགྲེལ་བརྗོད་བྱས་འདུག
འབྲེལ་ཡོད།
ཀུན་གླེང་གསར་འགྱུར། ༢༠༢༡ ལོའི་ཟླ་༢ ཚེས་༣
འབར་མའི་དམག་གིས་སྲིད་དབང་ལ་གྱེན་ལངས་བྱས་པ་ཡིན་པར་ཨ་རིས་དངོས་འཛིན།
XS
SM
MD
LG