ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནེའུ་ཡོག་དུས་བབ་ཀྱི་རིག་མཛོད་འཕྲུལ་འཁོར་ནང་རྒྱ་ནག་གིས་གསང་འཛུལ་བྱས་ཡོད་པ།


ཨ་རིའི་སྙན་གྲགས་ཆེ་བའི་ནེའུ་ཡོག་དུས་བབ་གསར་ཤོག་གིས་ ཕྱི་ཟླ་དང་པོའི་ཚེས་༣༡ཉིན་གནས་ཚུལ་སྤེལ་དོན་ལ་གསར་ཁང་དེའི་རིག་མཛོད་འཕྲུལ་འཁོར་ནང་རྒྱ་ནག་གིས་གསང་འཛུལ་བྱས་ཏེ་ཁ་བྱང་བརྐུ་འཁྱེར་བྱས་པ་སོགས་ཀྱི་འདས་པའི་ཟླ་བ་བཞིའི་རིང་ཐེངས་མང་བྱུང་ཡོད་པ་དང་ རིག་མཛོད་འཕྲུལ་འཁོར་ནང་གསང་འཛུལ་བྱས་པའི་གནས་ཚུལ་དེ་ཚོ་གསར་ཤོག་དེས་རྒྱ་ནག་གི་སྲིད་བློན་ཝུན་ཅའ་པའོ་ཡི་ནང་མིའི་རྒྱུ་དངོས་སྐོར་གནས་ཚུལ་སྤེལ་བའི་རྗེས་ནས་བཟུང་བྱུང་ཡོད་པ་སོགས་ཀྱི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་རྣམས་པ་སངས་དབྱངས་སྐྱིད་ལགས་ནས་ཕྱོགས་སྒྲིག་ཞུས་གནང་གི་རེད།
XS
SM
MD
LG