ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གྲའན་ཀོང་ཁྲན་གྱི་རྒྱ་ནག་ནང་མུ་མཐུད་བསྡད་རྒྱུའི་བསམ་བློར་འགྱུར་ལྡོག


རྒྱ་ནག་གཞུང་དང་ལྟ་ཚུལ་མ་མཐུན་པ་ལོང་བ་གྲའན་ཀོང་ཁྲན་གྱིས་ཨ་རིའི་གཞུང་ཚབ་ཁང་ཐོན་ཏེ་སྨན་ཁང་དུ་སླེབས་པའི་རྗེས་སུ་རང་གི་བསམ་བློར་འགྱུར་བ་བཏང་སྟེ་ཨ་རིར་སྐྱབས་བཅོལ་ཞུ་རྒྱུའི་རེ་འདུན་བྱེད་ཀྱི་ཞུ་ཡི་ཡོད་པས་ད་ལྟ་ཁོང་གི་ལས་དབང་གང་ཆགས་མིན་བརྗོད་མི་ཐུབ་པ་ཞིག་ཆགས་ཡོད་པ་རེད་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སི་ཀྲལ་ཧྤ་ནི་ཧོའོ་ཡིས་པེ་ཅིང་ནས་གྲའན་ཀོང་ཁྲན་དེའི་གོང་ཙམ་དུ་ཨ་རའི་གཞུང་ཚབ་ཁང་ནས་ཕྱིར་ཐོན་ཏེ་སྨན་ཁང་དུ་སླེབས་ཡོད་པ་དང་ སྐབས་དེར་རྒྱ་ནག་ནང་མུ་མཐུད་དེ་བསྡད་རྒྱུའི་འཆར་གཞི་ཡོད་པ་ཞིག་ཡིན་པའི་སྐོར་གནས་ཚུལ་བཏང་བ་དེ་པ་སངས་དབྱངས་སྐྱིད་ལགས་ཀྱིས་ཕབ་སྒྱུར་ཞུས་པ་དེ་གསན་གྱི་རེད།

XS
SM
MD
LG