ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་རྒྱ་གར་ནང་ལྟ་སྐོར་ལ་འབྱོར་བ།


རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལེང་ ཀོང་ལེ་ རྒྱ་གར་ནང་ཉིན་མ་ལྔའི་རིང་རྒྱལ་དོན་ལྟ་སྐོར་ལ་འབྱོར་ཡོད་པ་དང་ འདིའི་ཐོག་ནས་རྒྱ་དཀར་ནག་གཉིས་ཀྱི་དྲག་པོའི་མི་སྣ་ཕན་ཚུན་འབྲེལ་མོལ་དང་ མཉམ་ལས་བྱེད་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་མཚོན་རྟགས་བཟང་པོ་ཞིག་ཡིན་ལུགས་ རྒྱ་ནག་གི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གྱི་ཡོད་ནའང་ དོན་དངོས་ཐོག་ཡུལ་གྲུ་དེ་གཉིས་ཀྱི་དབར་ས་མཚམས་ཀྱི་གནད་དོན་གྱིས་མཚོན་པའི་གནད་དོན་གཞན་མང་པོའིཐད་ མི་མཐུན་པའི་རྩོད་རྙོག་ཡོད་མུས་ཡིན་པའི་སྐོར་རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG