ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལིའུ་ཞ་ཡི་ཆེད་དུ་རྒྱ་རིགས་དང་བོད་ཀྱི་བུད་མེད་རྣམས་ཀྱིས་དམིགས་བསལ་བྱེད་སྒོ་ཞིག་སྤེལ་ཡོད་པ།


ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི། ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་ལྷནཚོགས་དང་། ཨ་རིའི་སྒྱུ་རྩལ་ལྷན་ཚོགས། རྒྱ་ནག་གི་བུད་མེད་ཐོབ་ཐང་ཚོགས་པ་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་གསུམ་ཐུན་མོང་གིས། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན། རྒྱ་རིགས་ཤེས་ཡོན་ཅན་ལིའུ་ཞའོ་པོ་ཡི་སྐུ་ཟླ་ལིའུ་ཞ་ལ་རང་དབང་འཐོབ་རྒྱུའི་ཆེད་དུ་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་འགྲེམས་སྟོན་ཁང་ཞིག་ཏུ་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བར། ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་ཡོད་པའི་སྐོར་ འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་ བསྟན་འཛིན་ཕན་ཐོགས་ལགས་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།
XS
SM
MD
LG