ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་གསང་ཉུལ་ཚོས་ཨ་རིར་ནད་དུག་གི་དངངས་སྐྲག་བསླངས་སྐད།


༄༅།། ད་ལོ་ཕྱི་ཟླ་གསུམ་པའི་ཟླ་དཀྱིལ་ལ་ཨ་རིའི་མི་མང་ས་ཡ་མང་པོའི་ལག་ཐོགས་ལག་པར་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་བཅས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ནད་དུག་ཁྱབ་གདལ་རྒྱ་ཆེར་འགྲོ་བཞིན་པའི་ཉེན་ཚབས་ལ་གཞིགས་ཏེ་རྒྱལ་ཁབ་ཆ་ཚང་མར་འགྲོ་འོང་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ལ་ཉེ་བ་རེད་ཅེས་ཉེན་བརྡ་འབྱོར་ཏེ། ཨ་རིའི་མི་མང་ལ་དངངས་འཚབ་ཆེན་པོ་ལངས་པའི་རྒྱུ་རྐྱེན་ནི་རྒྱ་ནག་གི་ལས་དོན་སྒྲུབ་མཁན་དང་རྒྱ་ནག་གི་གསང་ཉུལ་ཚོས་ཆེད་མངགས་འུར་སྒྲོགས་བྱས་ནས་བྱུང་བ་ཞིག་རེད་ཅེས་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་བརྗོད་ཀྱི་ཡོད་པ་ནིའུ་ཡོག་དུས་བབ་ཚགས་པར་སོགས་ལ་ཐོན་ཡོད་པའི་གནས་ཚུལ་དེ་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG