ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་གི་དབྱིན་ཡུལ་གྱི་ཆིབས་སྒྱུར་དང་རྒྱ་ནག་གི་སྐྱོན་བརྗོད།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་ཆིབས་སྒྱུར་གནང་སྟེ། ཕྱི་ཟླ་༦་ཚེས་༡༥་ནས་ཚེས་༢༣་བར་དུ་མན་ཆེ་སི་ཀྲར་དང་རྒྱལ་ས་ལོན་ཌོན། གཞན་ཡང་དེ་མིན་གྱི་དབྱིན་ཇིའི་ས་གནས་ཁག་ཅིག་དང་། དབྱིན་ཇིའི་མངའ་ཁོངས་སུ་ཡོད་པའི་སིཀ་ཊི་ལན་ཌི་རང་སྐྱོང་ས་གནས་བཅས་སུ་མང་ཚོགས་ལ་གསུང་བཤད་དང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ། དགེ་བཤེས་གླང་རི་བས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་གནང་སྟེ་ཆོས་སྲིད་ཀྱི་མཛད་འཕྲིན་རྒྱ་ཆེ་ཞིག་བསྐྱང་འཆར་ཡོད་ཀྱང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་དབྱིན་ཡུལ་གྱི་ཆིབས་སྒྱུར་འདིར་ངོ་རྒོལ་བྱས་པ་དང་། ཕྱི་ལོ་༢༠༡༢་ལོར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་འཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་བསྡུར་ཆེད་དུ་རྒྱ་ནག་གི་རྩེད་འགྲན་པ་ཚོར་དབྱིན་ཇིའི་ལི་ཌི་སི་ས་གནས་སུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རྣམས་རང་ཡུལ་ལ་ཕྱིར་འཐེན་བྱས་ཏེ། ལི་ཌི་སི་གྲོང་ཁྱེར་གཞུང་ལ་རྒྱ་ནག་གིས་ཚོང་ལས་ཀྱི་ཉེས་ཆད་གཅོད་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

XS
SM
MD
LG