ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་དམར་ཤོག་དཔོན་རིགས་ཤིག་གི་ནག་ཉེས་ཐེར་འདོན་བྱེད་པ།


རྒྱ་ནག་དམར་ཤོག་དཔོན་རིགས་ཚོའི་ཁྲོད་དུ་ལྐོག་ཟ་རུལ་སུངས་བྱེད་མཁན་དང་། དབང་ཆ་ལོག་པར་སྤྱོད་མཁན། ཡང་ཟུར་བསྟེན་ཆུང་མ་བསྟེན་ཏེ་ཀུན་སྤྱོད་ཉམས་རྒུད་དུ་སོང་བ་ལ་སོགས་པའི་ཁྲིམས་འགལ་སྣ་ཚོགས་ཀྱི་ནག་ཉེས་འོག་གོ་གནས་ཤོར་བ་དང་ཁྲིམས་ཞིབ་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་མང་པོ་ལྷག་བཞིན་ཡོད་པ་ལྟར། དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་རྒྱ་ནག་གི་ལྕགས་ལམ་འཛུགས་བསྐྲུན་ལྷན་ཁང་གི་བློན་ཆེན་ལོའུ་ཀྲི་ཅོན་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG