ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༢/༠༧
རྒྱ་ནག
དྲུག་བཞིའི་ལས་འགུལ་གྱི་སྔ་ཕྱི་བར་གསུམ།
༠༥།༠༦།༢༠༢༠
དྲུག་བཞིའི་ལས་འགུལ་གྱི་སྔ་ཕྱི་བར་གསུམ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
དྲུག་བཞིའི་ལས་འགུལ་གྱི་སྔ་ཕྱི་བར་གསུམ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:30
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། ༡༩༨༩ ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་དམངས་གཙོའི་ལས་འགུས་སྤེལ། རྒྱ་ནག་གཞུང་གིས་དམག་བཏང་ནས་སློབ་ཕྲུག་གི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ནས་ད་ལྟའི་བར་དུ་ལོ་༣༡་འདས། ལས་འགུལ་འདི་བྱུང་བའི་སྔ་ཕྱི་བར་གསུམ་དུ་རྒྱ་ནག་གི་མི་རབས་གསར་པའི་དམངས་གཙོ་དོན་གཉེར་གྱི་བསམ་བློར་འགྱུར་ལྡོག་ཅི་ཞིག་ཐེབས་ཡོད་མེད་དང་རྒྱུ་རྐྱེན་གང་འདྲ་ཞིག་ལ་འབྲེལ་བ་ཡོད་མེད་བཅས་ལ་སྐབས་དེའི་དམངས་གཙོའི་ལས་འགུལ་ལ་དངོས་སུ་མཉམ་ཞུགས་བྱས་མྱོང་མཁན་གྱི་མི་སྣ་ཁག་ཅིག་གི་བསམ་ཚུལ་ཕྱོགས་བསྡུས་བྱས་ཡོད།།
༡༩༨༩་ལོར་པེ་ཅིང་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མ་ཡིན་པའི་ཀོ་ཡུས་ཧྭ་ལ་མཚོན་ན་ལོ་དེའི་སྤྱི་ཟླ་༤་པའི་ཚེས་༢༧་ཉིན་ནས་ལས་འགུལ་ལ་མཉམ་ཞུགས་བྱས་ཡོད་ཅིང་། ཁོ་མོས་སྐབས་དེར་སྔོན་ཆད་བྱུང་མྱོང་མེད་པའི་སེམས་ཤུགས་དང་རེ་བ་ཞིག་འཆང་ཡོད་པས་སློབ་མའི་ནུས་ཤུགས་དེ་ཧ་ཅང་ཆུང་ཆུང་ཞིག་ལས་མེད་པའམ། ཡང་ན་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་མི་གཅིག་ལས་མེད་ཀྱང་སོ་སོའི་ངོས་ནས་ནུས་ཤུགས་འདོན་དགོས་བསམ་པའི་སེམས་ཤུགས་བཅངས་ཡོད། སྐབས་དེའི་ང་ཚོའི་རེ་འདུན་ཡང་རྒྱལ་ཁབ་འདིར་ཕན་ཞིག་ཐོགས་ན་བསམ་པ་གཅིག་པུ་ཡིན། རྒྱལ་ཁབ་འདི་དམངས་གཙོ་ཅན་དུ་གྱུར་ནས་མི་རེར་འཐོབ་འོས་པའི་རང་དབང་གི་ཐོབ་ཐང་དེ་རྣམས་འཐོབ་ན་སྙམ་པའི་རེ་འདུན་སྤྱིར་བཏང་བ་ཞིག་བཅངས་ཡོད་ཅེས་བཤད་འདུག
ཀོ་ཡུས་ཧྭ་ནི་ལོ་དེའི་ཕྱི་ཟླ་༤་པའི་༢༧་ཉིན་གྱི་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས། སྐབས་དེར་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ཐོག་ཏུ་ཕྱི་ཟླ་༤་པའི་ཚེས་༡༧་ཚུན་གྱི་ངོ་རྒོལ་ལས་འགུལ་ཡོད་ཚད་ཏང་ལ་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་གྱི་ཟིང་འཁྲུག་ཏུ་ངོས་འཛིན་བྱས་པ་རེད། ཡང་ལོ་དེའི་སྤྱི་ཟླ་༥་པའི་ཚེས་༡༧་ཉིན་གྱི་ལས་འགུལ་ལ་མཉམ་ཞུགས་བྱས་པའི་སྐབས་དེའི་པེ་ཅིང་སློབ་ཆེན་གྱི་སློབ་ཕྲུག་ཚོགས་པའི་རྒྱུན་ལས་ཀྲུག་ཧྥུན་སོ་ཡིས་སྐབས་དེར་ང་ལོ་ན་༢༡་ཡིན། ང་ལ་མཚོན་ནའང་སེམས་ཤུགས་དང་རེ་བས་ཁེངས་ཡོད། ཕྱི་ཟླ་༥་པའི་༡༧་ཉིན་ས་ཆ་གཞན་གྱི་སློབ་ཕྲུག་མང་པོ་པེ་ཅིང་དུ་འབྱོར་སོང་། པེ་ཅིང་ས་གནས་སུ་འདུས་པའི་མི་ཚོགས་དང་མཉམ་དུ་མི་ཁྲི་ཕྲག་བརྒལ་ཞིག་གིས་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་སོང་། སྐབས་དེའི་རང་དབང་གི་འབོད་སྒྲ་དང་མི་དེ་འདྲའི་མང་པོ་ཞིག་ལ་རང་དབང་དགོས་ཞེས་ཐུན་མོང་གི་མངོན་འདོད་ཞིག་ཡོད་པ་ནི་དགའ་དགོས་པ་ཞིག་རེད་སྙམ་པའི་ཚོར་བ་ཞིག་བྱུང་བ་ད་དུང་ཡང་བརྗེད་ཐབས་མི་འདུག་ཅེས་བཤད།།
དེ་མིན་སྐབས་དེར་པེ་ཅིང་དུ་གསར་འགོད་པའི་ཆེད་ལས་གཉེར་བཞིན་པའི་ཨ་རིའི་ལོ་སི་ཨན་ཇཱི་སི་དུས་བབ་ཀྱི་གསར་འགོད་པ་ཇཱེམ་སི་མཱན་གྱིས་ཀྱང་༡༩༨༩་ལོའི་རྒྱ་ནག་དང་། ད་ལྟའི་རྒྱ་ནག་གཉིས་ཀྱི་གནས་སྟངས་གཏན་ནས་མི་འདྲ་བ་ཞིག་རེད། དེ་དུས་རྒྱ་ནག་གཞུང་ཕྱོགས་ཀྱི་མི་དང་སློབ་ཕྲུག་སོགས་སུ་ཞིག་ཡིན་རུང་མི་ཚང་མའི་སེམས་ལ་རེ་བ་ཞིག་དང་བཅོས་སྒྱུར་གྱི་འདུན་པ་ཞིག་བཅངས་འདུག དེའི་རྒྱུ་མཚན་ནི་སྐབས་དེར་རྒྱ་ནག་རིག་གནས་གསར་བརྗེའི་ལས་འགུལ་ལས་གྲོལ་མ་ཐག་རེད། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཀྱི་གྲས་སུ་སློབ་ཕྲུག་ཚོར་རེ་སྐུལ་བྱེད་མཁན་བྱུང་ཡོད་ཅིང་། རྒྱ་ནག་ལ་འགྱུར་ལྡོག་ཅིག་འཐེབས་རྒྱུའི་ལམ་ཁ་གསལ་པོ་ཞིག་ཡོད་མིན་ལ་མ་ལྟོས་པར་མི་ཚང་མའི་སེམས་སུ་རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་པ་ཞིག་དང་ངེས་པར་དུ་འགྱུར་བ་འགྲོ་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག འགྱུར་ལྡོག་ཐེབས་ཐབས་གཅིག་ནི་ནུབ་ཕྱོགས་ལ་སྒོ་འབྱེད་རྒྱུ་དེ་རེད། སྐབས་དེར་མཚོན་ན་རྒྱ་ནག་གི་ན་གཞོན་མང་པོས་ཕྱི་ལོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུར་འབད་བརྩོན་བྱེད་བཞིན་འདུག ཐ་ན་ཨ་རིའི་སྤྱིར་བཏང་གི་མིའི་འཚོ་བ་སྐྱེལ་སྟངས་ཀྱང་ངོ་མཚར་ཅན་ཞིག་ལ་རྩི་བཞིན་ཡོད་པའི་དུས་སྐབས་ཤིག་རེད་ཅེ་བཤད་འདུག
དོན་དངོས་སུའང་རིག་གསར་མཇུག་རྫོགས་མ་ཐག་པའི་རྒྱ་ནག་གིས་ཕྱི་ལ་སྒོ་མོ་གསར་དུ་ཕྱེས་པ་དེར་བསྟུན་ནས་མི་མང་པོའི་བློ་རྒྱ་བསྐྱེད། བསམ་བློ་ཡང་ཧ་ཅང་གི་ཧུར་པོ་དང་ཚོར་བ་སྐྱེན་པོ་ཞིག་ཏུ་གྱུར་ཡོད་པས་སློབ་ཕྲུག་དང་ཤེས་ཡོན་ཅན། ཐ་ན་གྲོང་མི་དཀྱུས་མ་བཅས་ཀྱིས་ཀྱང་རྒྱལ་ཁབ་ཀྱི་མདུན་ལམ་ལ་བགྲོ་གླེང་ཚ་ཚ་འུར་འུར་བྱེད་བཞིན་པའི་དུས་སྐབས་ཤིག་ཡིན་འདུག དྲུག་བཞིའི་ལས་འགུལ་རྗེས་ཀྱི་ལོ་༣༡་གི་རིང་ལ་༡༩༨༩་ལོར་བྱུང་བའི་སྣང་ཚུལ་དེ་འདྲ་ཞིག་བསྐྱར་དུ་བྱུང་མེད་པའི་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ཇཱེམ་སི་མཱན་གྱིས་སྐབས་དེའི་རྒྱ་ནག་གི་སློབ་ཕྲུག་ཚོས་རྒྱལ་གཅེས་ཀྱི་བསམ་བློ་དང་ཕུགས་བསམ་ལྡན་པའི་བསམ་བློ་ཞིག་བཅངས་ཏེ་དེང་རབས་ཅན་གྱི་སྤྱི་ཚོགས་ལ་བློ་ཁ་ཕྱོགས་ཏེ་སྐབས་དེའི་བསམ་བློ་དང་། དེང་སྐབས་རྒྱ་ནག་གིས་ཨ་རིར་ངོ་རྒོལ་བྱེད་བཞིན་པའི་རྒྱལ་གཅེས་ཀྱི་བསམ་བློ་ཟེར་པ་གཉིས་གཏན་ནས་འདྲ་ས་མི་འདུག སྐབས་དེའི་རྒྱ་ནག་གི་སློབ་ཕྲུག་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་ཕུགས་བསམ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་བཅད་རྒྱ་ལས་བརྒལ་བའི་རྒྱལ་གཅེས་ཀྱི་བསམ་བློ་ཞིག་རེད་ཅེས་བཀྲལ།།
༡༩༨༩་ལོའི་རྒྱ་ནག་གི་དྲག་གནོན་དུས་སུ་མེ་མདའ་བརྒྱབ་པ་དང་ལྕགས་ཁྲབ་འཁོར་ལོ་བཏང་སྟེ་སློབ་ཕྲུག་མང་པོ་དམར་བྱས་པར་མ་ཟད། དུས་དེ་ནས་བཟུང་སྟེ་རྒྱ་ནག་མི་དམངས་ཀྱི་ཆབ་སྲིད་བཅོས་སྒྱུར་གྱི་ཕུགས་འདུན་རྨེག་མེད་དུ་བཅོམ། དྲུག་བཞིའི་ལས་འགུལ་གཞུག་ནས་རྒྱ་ནག་ལ་དམངས་གཙོ་གླེང་སློང་དང་མི་དམངས་འདུ་འཛོམས་བྱས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བཅོས་སྒྱུར་གཏོང་དགོས་ཞེས་གླེང་སློང་བྱེད་མི་ཆོག་པའི་དམར་ཐིག་ཅིག་འཐེན་ཡོད་པ་དེ་ནས་བརྒལ་མི་ཆོག་པར་སྔར་ལས་སྟངས་འཛིན་ནན་མོ་བྱེད་འགོ་ཚུགས། དེ་དང་བསྟུན་ནས་རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་བཏོན། ཐབས་ལམ་དེ་བརྒྱུད་ནས་དམར་ཤོག་ཚོགས་པའི་དབང་སྒྱུར་དེ་ཁྲིམས་མཐུན་དུ་སྒྱུར་ཐབས་སུ་འབད་བརྩོན་བྱས་ཡོད་པ་རེད།།
དྲུག་བཞིའི་ལས་འགུལ་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ནས་ཉེས་ཆད་བཅད། རྒྱ་ནག་གི་སློབ་ཆེན་ཁག་ཏུ་སློབ་ཕྲུག་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུའི་མགོ་བརྩམས། ༡༩༨༩་ལོ་ནས་༡༩༩༢་བར་དུ་རྒྱ་ནག་གི་པེ་ཅིང་སློབ་ཆེན་དང་ཧྥུའུ་ཏན་སློབ་ཆེན་གཉིས་ཀྱི་དངོས་གཞིའི་སློབ་ཕྲུག་ཡོངས་ལ་དུས་ཡུན་ལོ་གཅིག་རེའི་ནང་དུ་དམག་དོན་སྦྱོང་བརྡར་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ། དེའི་རྗེས་སུ་སློབ་ཕྲུག་ལ་དམག་སྦྱོང་བྱེད་དུ་འཇུག་རྒྱུ་དེ་སློབ་ཆེན་ནས་སློབ་འབྲིང་ཡོངས་སུ་ལག་བསྟར་བྱེད་བཞིན་པ་རེད། འདི་ལ་རྒྱ་ནག་གི་ལོ་རབས་༩༠་བའི་ནང་དུ་སློབ་ཕྲུག་ཡིན་པ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་དུ་བཤད་པ་ལྟར་ན། ཁོ་མོ་སློབ་ཆེན་གྱི་སྐབས་དེར་རྒྱ་ནག་གི་ཧྲི་ཅ་ཀྲོང་ས་གནས་སུ་དམག་དོན་སྦྱོང་བརྡར་བྱ་ཡུལ་གྱི་སློབ་གྲྭ་ཞིག་ཏུ་བསྐྱལ་སོང་། སྐབས་དེར་ཉིན་ལྟར་དམག་གླུ་ལེན་པ་དང་དམག་སྦྱོང་བྱེད་དུ་འཇུག་གི་འདུག ངས་སེམས་པར་ཁོ་ཚོས་དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་ནི་ང་ཚོ་ཁ་ལ་ཉན་མཁན་དང་སྒྲིག་སྲོལ་བརྩི་མཁན། བཀའ་ལ་ཉན་མཁན་ཞིག་ལ་བསྒྱུར་རྒྱུའི་ཆེད་དུ་རེད་ཅེས་བཤད།།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་གཞུང་གིས་དྲུག་གཞིའི་ལས་འགུལ་དེ་རྒྱ་ནག་གི་སློབ་ཕྲུག་ཚོའི་སེམས་ནས་ཡོངས་སུ་བརྗེད་དུ་འཇུག་པར་༡༩༨༩་ལོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་གྱི་གནས་ཚུལ་གཅིག་ཀྱང་རྒྱ་ནག་གི་ལོ་རྒྱུས་སློབ་དེབ་ཁག་ཏུ་མ་བཀོད། ད་ལྟ་ཧོང་ཀོང་གི་སློབ་དེབ་ཏུའང་དྲུག་བཞིའི་སྐོར་གྱི་གནས་ཚུལ་འཁོད་ཡོད་པ་རྣམས་ནག་སུབ་གཏོང་ཐབས་བྱེད་བཞིན་པ་རེད།།
གོང་གི་རྒྱུ་རྐྱེན་འདི་འདྲའི་མང་པོ་ཞིག་ལ་བརྟེན་ནས་ད་ལྟའི་རྒྱ་ནག་གི་ན་གཞོན་ཚོར་ལོ་རྒྱུས་ཀྱི་དྲན་ཤེས་ཉམས་སུ་བཅུག་ཡོད་ཅིང་། ད་ལྟའི་ན་གཞོན་རྣམས་ལོ་རབས་༨༠་བའི་སློབ་ཕྲུག་ཚོ་ཇི་བཞིན་རྒྱལ་ཁབ་ཀྱི་རང་དབང་དང་དམངས་གཙོའི་ལས་དོན་ལ་དོ་སྣང་མེད་པ། སློབ་ཕྲུག་གི་དམིགས་ཡུལ་གཙོ་བོ་ནི་དངུལ་སྒོར་འཚོལ་སྒྲུབ་བྱ་རྒྱུ་ཁོ་ན་ཡིན་པས་གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ་རྒྱ་ནག་གི་སྤྱི་ཚོགས་སུ་རང་དབང་དང་དམངས་གཙོ་གླེང་སློང་བྱེད་མཁན་ཚོར་འཕྱ་དམོད་བྱེད་ཀྱི་འདུག ཐ་ན་དྲུག་བཞིའི་ལས་འགུལ་སྐོར་གླེང་སློང་ཙམ་བྱས་ཀྱང་དེ་ལ་འཕྱ་དགོད་བྱེད་མཁན་ཡོད་ལ། རྒྱ་ནག་གི་ན་གཞོན་མང་པོ་ཞིག་གི་ཀླད་པ་བཀྲུས་ཡོད་པའི་དབང་གིས་མ་འོངས་པར་རྒྱ་ནག་ལ་རང་དབང་དང་དམངས་གཙོ་དགོས་མིན་གྱི་གནད་དོན་དང་བོད་དོན། ཞིན་ཅང་གི་གནད་དོན་དང་ཧོང་ཀོང་གི་གནད་དོན་བཅས་ལ་ན་གཞོན་མང་ཆེ་བའི་བསམ་བློ་གཏོང་སྟངས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལངས་ཕྱོགས་དང་གཅིག་མཚུངས་རེད་ཅེས་དཔྱད་བརྗོད་སྤེལ་ཡོད་པ་རེད།།
འབྲེལ་ཡོད།
རྒྱ་ནག་གི་རྒྱལ་གླུར་ཁྱད་གསོད་བྱེད་མི་ཆོག་པའི་བཅའ་ཁྲིམས་གཏན་འབེབས།
རྒྱ་ནག་གིས་ཨ་རི་ལྟར་ཨེ་ཤེ་ཡའི་བདེ་འཇགས་ལ་འགན་ལེན་མི་ཐུབ།
XS
SM
MD
LG