ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཤཱིན་ཅང་ལ་ཟིང་འཁྲུག་ལངས་ནས་ལོ་ལྔ་འཁོར་པའི་དུས་དྲན།


༄༅།། ཕྱི་ལོ་༢༠༠༩་ཡི་ཟླ་བ་༧་ཚེས་༥་ཉིན་ཤཱིན་ཅང་གི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར་ལ་ཟིང་འཁྲུག་ལངས་ནས་མི་༢༠༠་ལྷག་ལ་སྲོག་སྐྱོན་དང་། མི་༡༧༠༠་ལྷག་ལ་རྨས་སྐྱོན་ཕོག་ནས་ཡུ་གུར་པ་དང་རྒྱ་མི་རིགས་གཉིས་ལ་ཟིང་འཁྲུག་གི་འགལ་ཟླ་ཆེན་པོ་ཞིག་བྱུང་བའི་དུས་དྲན་ཡིན་ཞིང་། དེར་བརྟེན་འདས་པའི་ལོ་ལྔའི་རིང་ཤཱིན་ཅང་ལ་དུས་བདེ་ཞོད་འཇགས་དང་མི་རིགས་མཐུན་སྒྲིལ་གྱི་གོ་སྐབས་ཤིག་གཏན་ནས་བྱུང་མྱོང་མེད་པ་དང་། དཔེར་ན་བདུན་ཕྲག་སྔོན་མར་ཤཱིན་ཅང་ས་གནས་ཤིག་ལ་ཟིང་འཁྲུག་ལངས་ནས་མི་༣༥་ལ་སྲོག་སྐྱོན་ཕོག་སྟེ། རྒྱ་ནག་གཞུང་གིས་ཨུ་རུ་མུ་ཆི་གྲོང་ཁྱེར་གྱི་ཕྱི་ནང་བར་གསུམ་ལ་དམག་དང་དྲག་ཆས་ཉེན་རྟོག་པ་སྟོང་ཕྲག་མང་པོ་འགྲེམ་འཇོག་བྱས་པ་དང་། གྲོང་ཁྱེར་གྱི་སྲང་ལམ་གང་སར་དམག་གི་མཚོན་ལྡན་རླངས་འཁོར་དང་ལྕགས་འཁྲབ་འཁོར་བཀྲམ་ཡོད་པ་མ་ཟད། རྒྱ་གཞུང་གི་ལས་ཁུངས་ཁག་དང་དངུལ་ཁང་། གྲོང་ཁྱེར་གྱི་བཞི་མདོ་ཁག་དང་མི་ཚོགས་འཛོམས་ས། གློག་བརྙན་ཁང་དང་ལྟད་མོ་བལྟ་ས་བཅས་ལ་དམག་གིས་མཐའ་བསྐོར་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་བདུན་ཕྲག་སྔོན་མའི་ཟིང་འཁྲུག་དེ་ཇག་ཚོགས་དང་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པ། ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་པ་ཚོར་འབྲེལ་བ་ཡོད་པའི་ཡུ་གུར་པ་ཚོས་བསླངས་ཡོད་ཅེས་སྐྱོན་འཛུགས་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG