ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞིན་ཅང་ལ་ཚབས་ཆེའི་གཏོར་རྒོལ།


ཕྱི་ཟླ་༥་ཚེས་༢༢་ཀྱི་ཞོགས་པར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར་གྱི་བྲེལ་ཟིང་ཆེ་བའི་ཁྲོམ་ར་ཞིག་ལ་འབར་མདེལ་གྱིས་གཏོར་རྒོལ་རིམ་པ་ཞིག་བྱས་ཏེ། མི་༣༠་ལྷག་ལ་སྲོག་སྐྱོན་དང་མི་༩༠་ཙམ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད་ཅིང་། ཞིན་ཅང་གི་ས་གནས་འགོ་ཁྲིད་ཚོས་གསར་འགོད་གསལ་བསྒྲགས་སྤེལ་པ་ལྟར་ན། ད་ནངས་ཞོགས་པར་ཆུ་ཚོད་༧་དང་སྐར་མ་༥༠་ཙམ་ལ་འབར་མདེལ་གྱིས་གཏོར་རྒོལ་བྱས་པའི་ངོ་བོ་དེར་འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་གསལ་བོ་ཡོད། རླངས་འཁོར་དེ་དག་གིས་ལམ་ཟུར་གྱི་འགོག་ར་གཏོར་ནས་མི་ཚོགས་དཀྱིལ་ལ་བརྒྱུགས་པ་དང་། དེ་ནས་རླངས་འཁོར་ནང་གི་མི་དེ་ཚོས་འབར་མདེལ་གྱིས་གཏོར་རྒོལ་བྱས་སོང་ཞེས་བཀོད་འདུག རྒྱ་ནག་གཞུང་གིས་རྟག་ཏུ་ཞིན་ཅང་གི་གཏོར་རྒོལ་གྱི་རིགས་ཡུ་གུར་པ་ཚོས་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ཀྱི་ལས་འགུལ་སྤེལ་ནས་མི་གསོད་ཁྲག་སྦྱོར་བྱེད་བཞིན་ཡོད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG