ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་དུས་ཤིག་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོར་ཐུག་འཕྲད་བྱེད་པའི་མཛད་རིམ་ཁག་ཅིག་ཕྱིར་འཐེན་བྱས་པ་དང་། ད་ལྟ་ཁོ་གང་དུ་ཡོད་མེད་སོགས་གཞུང་གི་བརྙན་འཕྲིན་དང་ཚགས་པར་བཅས་ལ་ཐོན་གྱི་མེད་པའི་རྒྱུ་མཚན་ཅི་ཡིན་རྒྱ་ནག་མི་དམངས་ལ་འགྲེལ་བཤད་གང་ཡང་རྒྱག་གི་མེད་ཅིང་། ཕྱི་ལོགས་ཀྱི་དྲ་རྒྱ་ཁག་ཏུ་ཞི་ཅིན་ཕིང་ལ་རླངས་འཁོར་གཉིས་ཀྱིས་རྡུང་ག་བརྒྱབ་སྟེ་རྨས་སྐྱོན་ཕོག་ཡོད་ཚུལ་དང་། འགའ་ཤས་ཀྱིས་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེར་རྐྱལ་བརྒྱབ་སྟེ་རྐེད་པ་འཆུས་པ་རེད་ཟེར་པ། ཡང་མི་ཁག་ཅིག་གིས་ཞི་ཅིན་ཕིང་གིས་རྐང་རྩེད་ལྒང་ལི་རྩེད་ནས་རྐེད་པ་འཆུས་པ་རེད་ཟེར་པ་དང་། མི་ཁག་ཅིག་གིས་ཞི་ཅིན་ཕིང་གི་སྙིང་རྩ་འགགས་ཏེ་སྨན་བཅོས་བྱེད་ཀྱི་ཡོད་པ་རེད་ཟེར། ད་དུང་མི་ཁག་ཅིག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་ལ་དབང་རྩོད་བྱུང་སྟེ་ཞི་ཅིན་ཕིང་ལ་བྱུས་ཉེས་བྱུང་བ་རེད་ཟེར་པ་དང་། ཡང་མི་ཁག་ཅིག་གིས་ཞི་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པར་གྲ་སྒྲིག་བྱས་ཏེ་མ་ཁོམ་པར་ཕྱི་ལ་མཐོང་ཐོས་མེད་པ་རེད་ཅེས་འགྲེལ་བཤད་སྣ་ཚོགས་ཤིག་རྒྱག་གི་ཡོད་པ་མ་ཟད། རྒྱ་ནག་གི་དྲ་རྒྱ་ཁག་ལ་ཞི་ཅིན་ཕིང་ཞེས་བྲིས་ཏེ་གནས་ཚུལ་འཚོལ་ཞིབ་བྱས་ཀྱང་ཚང་མ་བཀག་ཡོད་པ་དང་། ཧོང་ཀོང་གི་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་དགེ་རྒན་འཇོ་སེབ་ཁྲེང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཞི་ཅིན་ཕིང་ལ་ཅི་ཞིག་བྱུང་ཡོད་མེད་ཚོད་དཔག་ཙམ་དང་། མི་ཚང་མས་རང་གི་འདོད་མོས་ལྟར་འགྲེལ་བཤད་རེ་རྒྱག་གི་ཡོད་པ་ལས། ཞི་ཅིན་ཕིང་ལ་དོན་ངོ་མར་ཅི་ཞིག་བྱུང་ཡོད་མེད་སུ་གཅིག་གིས་ཀྱང་བཤད་ཁག་པོ་རེད་ཅེས་བཤད་ཡོད།།
please wait

No media source currently available

0:00 0:03:26 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG