ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་གྲོང་གསེབ་ཅིག་གི་གྲོང་མི་ཚོས་དམངས་གཙོའི་འགྱུར་བཅོས་དགོས་པའི་དགོས་འདུན།


རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཚོ་ཧྲང་ཕུ་ཡི་གྲོང་མི་ཚོས་རང་གི་ས་ཞིང་ས་གནས་གཞུང་གི་འགོ་ཁྲིད་ཀྱིས་བཟོ་ཚོང་ཁང་ཞིག་ལ་བཙོང་རྒྱུའི་འཆར་གཞི་ཡོད་པར་ངོ་རྒོལ་བྱས་པའི་རྗེས་ ས་གནས་གཞུང་གི་འགོ་ཁྲིད་དང་འབྲེལ་བ་ཡོད་པའི་མི་ངན་དེ་གྲས་ཀྱིས་ངོ་རྒོལ་བྱེད་མཁན་གྲོང་གསེབ་པ་ཚོར་ཉེས་བརྡུང་གཏོང་བར་སླེབས་ཡོད་སྟབས་ གྲོང་གསེབ་པ་ཚོས་མི་དེ་ཚོ་དང་འཐབ་འཛིངས་དྲག་པོ་བྱས་ཏེ་ ད་ནས་བཟུང་ས་གནས་ཀྱི་འགོ་ཁྲིད་གོང་རིམ་གྱིས་འདེམས་བསྐོ་བྱས་ནས་མི་འགྲིགས་པར་ འགོ་ཁྲིད་འདེམས་བསྐོ་བྱ་རྒྱུའི་ཐོབ་ཐང་ས་གནས་ཀྱི་གྲོང་མི་ལ་དགོས་པ་ཡིན་ཞེས་་དགོས་འདུན་བཏོན་ཏེ་ངོ་རྒོལ་བྱེད་ཀྱི་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG