ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་དངུལ་ལོར་དང་ཨ་རིའི་དཔལ་འབྱོར།


གཟའ་པ་སངས་ཉིན་རྒྱ་ནག་གི་དངུལ་ལོར་མི་དམངས་ཤོག་སྒོར་གྱི་ཛ་ཐང་ཅུང་ཟད་ཆག་ནའང་། ཁ་སྔོན་ཕྱི་ཟླ་བ་༦་ནས་རྒྱ་ནག་གི་མི་དམངས་ཤོག་སྒོར་གྱི་ཛ་ཐང་བརྒྱ་ཆ་གཅིག་འཕར་ཡོད་པ་དང་། འདི་ནི་ཕྱི་ཟླ་༩་ཚེས་༡༦་སྟེ། ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་དངུལ་ལོར་སྟངས་འཛིན་གྱི་སྲིད་ཇུས་ཉན་ཞིབ་མ་བྱས་གོང་དུ་བྱུང་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་སོགས་ཕྱི་ལོག་གི་གནོན་ལ་མགོ་མ་སྒུར་པར་མི་དམངས་ཤོག་སྒོར་གྱི་ཛ་ཐང་འཕར་ཆག་འགྲོ་རུ་འཇུག་རྒྱུའི་ལངས་ཕྱོགས་བཟུང་ཡོད་པ་དང་། ད་ལྟ་སྲིད་འཛིན་ཨོ་བྷ་མའི་གཞུང་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་རྒྱ་ནག་གི་དངུལ་ལོར་ཛ་ཐང་དྲང་སྙོམས་མེད་པའི་ཁ་མཆུ་བཙུགས་ཡོད་པ་རེད།།

XS
SM
MD
LG