ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་དང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་མཇུག་སྒྲིལ།


རྒྱ་ནག་དང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་མཇུག་སྒྲིལ།
རྒྱ་ནག་དང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་མཇུག་སྒྲིལ།

ད་ལྟ་མཇུག་བསྒྲིལ་མ་ཐག་པའི་རྒྱ་ནག་དང་ཨ་མི་རི་ཀའི་དཔལ་འབྱོར་དང་འཐབ་ཇུས་གྲོས་མོལ་གྱི་ཚོགས་འདུ་དེར་གྲུབ་འབྲས་གང་འཚམ་ཞིག་ཐོན་ཡོད་ཚུལ་དང་། ཕྱོགས་གཉིས་ཀས་ཐེངས་འདིའི་གྲོས་མོལ་ལ་ཡར་རྒྱས་ཀྱི་རྣམ་པ་ཞིག་ལྡན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་རུང་། ཨ་མི་རི་ཀ་དང་རྒྱ་ནག་གཉིས་འགྲོ་བ་མིའི་ཐོབ་ཐང་དང་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་དང་། རྒྱ་ནག་གི་མི་དམངས་ཤོག་སྒོར་ཛ་ཐང་ཆུང་དྲགས་པ་བཅས་ལ་འགལ་ཟླ་ཡོད་པ་རྣམས་སེལ་ཐུབ་མེད་པ་སྟེ། དེ་རིང་ཕྱི་ཟླ་༥་ཚེས་༡༢་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡུའི་ཡིས་པེ་ཅིང་དང་ཝ་ཤིང་ཊོན་གཉིས་གྲོས་མོལ་བྱས་ནས་མི་མཐུན་པའི་འགལ་ཟླ་དང་རྩོད་གཞི་ཡོད་པ་རྣམས་སེལ་ཐབས་བྱེད་དགོས་པ་དང་། ང་ཚོ་རྒྱ་ནག་གཞུང་གིས་རང་གི་ཕྱི་འབྲེལ་མི་སྣ་ཚོས་ཨ་མི་རི་ཀར་གྲོས་མོལ་མང་ཙམ་བྱེད་དགོས་པའི་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG