ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་ཨ་རིར་རྒྱ་ནག་གཅིག་གི་རྩ་དོན་ལ་བརྩི་སྲུང་མུ་མཐུད་བྱེད་དགོས་པའི་རེ་བ།


ཐེ་ཝན་གྱི་སྲིད་འཛིན་གསར་པར་འདེམས་ཐོན་བྱུང་བ་ལྕམ་ ཚཱ་ཡི་ཨིང་ཝན་དང་ ཐེ་ཝན་རང་བཙན་བྱ་རྒྱུའི་འདོད་ཚུལ་འཛིན་མཁན་ཁོང་གི་སྲིད་དོན་ཚོགས་པ་ དམངས་གཙོ་ཡར་ཐོན་ཚོགས་པས་ གཟའ་འཁོར་འདིའི་མཇུག་ཏུ་ གཞུང་སྲིད་འཛིན་སྐྱོང་བྱ་རྒྱུའི་དམ་བཅའ་དངོས་སུ་བཞག་པའི་རྗེས་སུ་ ཨ་མི་རི་ཀའི་གཞུང་གིས་ད་ལྟའི་རང་གི་ལང་ཕྱོགས་ལ་འགྱུར་བ་མ་གཏང་བར་ རྒྱ་ནག་གཅིག་གི་རྩ་དོན་དམ་འཛིན་མུ་མཐུད་དེ་བྱེད་དགོས་པ་ཡིན་ཞེས་ རྒྱ་ནག་གཞུང་གི་ཕྱོགས་ནས་རེ་བ་བཏོན་ཡོད་པ་རེད་ དེ་ཡང་ རེས་གཟའ་ཟླ་བའི་ཉིན་ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཇོན་ ཀྷེ་རི་དང་ཞལ་པར་ཐོག་གླེང་མོལ་བྱེད་པའི་སྐབས་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡིས་ གོང་གི་རེ་བ་དེ་བཏོན་པ་དང་སྦྲགས་ ༡༩༧༢ལོ་ནས་༡༩༨༢ལོ་བར་ ཨ་མི་རི་ཀ་དང་རྒྱ་ནག་གིས་མཐུན་མོང་གི་སྤྱི་བསྒྲགས་སམ་ རྩ་འཛིན་ཡིག་ཆ་གསུམ་ལ་མིང་རྟགས་བཀོད་ཡོད་པ་དེ་ཚོར་ ཨ་མི་རི་ཀས་བརྩི་སྲུང་བྱེད་པའི་རེ་བ་ཡོད་ཅེས་དང་ རྩ་འཛིན་ཡིག་ཆ་དེ་ཚོའི་ནང་ རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་རྒྱུན་ལྡན་ཅན་ལ་གནས་མིན་ནི་ ཐེ་ཝན་གྱི་གནད་དོན་ཐད་ བྱ་སྤྱོད་ལག་བསྟར་བྱེད་སྟངས་ལ་ཐུག་ཡོད་པ་གསལ་བཀོད་བྱས་ཡོད་རེད་ཅེས་བརྗོད་པའི་སྐོར་ རྒྱ་ནག་གཞུང་འབྲེལ་ཤིན་ཧོའ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག

XS
SM
MD
LG