ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་གནམ་བདེ་སྒོ་མོའི་ངོ་རྒོལ་སྐབས་ཀྱི་བཙོན་པ་མཐའ་མ་དེ་གློད་འཆར།


རྒྱ་ནག་གཞུང་གིས་ལོ་༢༦་ལ་བཙོན་བཅུག་བྱས་པའི་རྗེས་སུ་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ལ་ཞུགས་ཏེ་བཙོན་འོག་ཏུ་ཚུད་པའི་བཙོན་པ་མཐའ་མ་དེ་གློད་གྲོལ་གཏོང་རྒྱུའི་གནས་ཚུལ་ཐོན་ཡོད་ཅིང་། ཨ་རིའི་ཏུའི་ཧཱ་ཐེབས་རྩ་ཁང་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་གཞུང་ལ་རེ་འདུན་ཞུས་པའི་རྗེས་སུ་མེའོ་དྷ་ཧྲུན་ཞེས་པའི་བཙོན་པ་དེ་ལོ་འདིའི་ཕྱི་ཟླ་བཅུ་པའི་ནང་གློད་གྲོལ་གཏོང་རྒྱུའི་ཁས་ལེན་ཐོབ་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད་པ་དང་། མེའུ་དྷ་ཧྲུན་ནི་༨༩་ལོའི་གནམ་བདེ་སྒོ་མོའི་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་ཞུགས་པའི་སྐབས་སུ་མི་དམངས་བཅིངས་འགྲོལ་དམག་གི་ལྕགས་འཁྲབ་འཁོར་ལོར་མེ་བརྒྱབ་པའི་ཉེས་འཛུགས་འོག་ཏུ་འཛིན་བཟུང་བྱས་པ་མ་ཟད། ཐོག་མར་ཁོང་ལ་སྲོག་ཁྲིམས་བཅད་ཀྱང་རྗེས་སུ་ཚེ་བཙོན་ལ་བསྒྱུར་པ་དང་། མེའུ་དྷ་ཧྲུན་བཙོན་ཁང་གི་སྡུག་སྦྱོར་འོག་ནད་པ་དང་སེམས་ཁམས་མི་བདེ་བར་གྱུར་ཡོད་པ་རེད།།

XS
SM
MD
LG