ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་པའི་ཆབ་སྲིད་ལས་འགུལ།


ཉེ་བའི་ཟླ་ཤས་ཤིག་ནས་བོད་ནང་ཁུལ་གྱི་གྲྭ་བ་དང་བཙུན་མ། ད་དུང་སྔོན་ཆད་དགོན་པར་ཆོས་ཞུགས་བྱས་མྱོང་བའི་སྐྱ་ཕབ་ཁྱིམ་པ་སོགས་སེར་སྐྱ་མང་པོ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གིས་བོད་མི་དམངས་ཀྱི་ཐོག་ཏུ་དྲག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་བཞིན་ཡོད་པ་མཚམས་འཇོག་བྱེད་དགོས་ཞེས་ངོ་རྒོལ་བྱེད་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་དེ་ཚོར་ཏཱ་ལའི་རུ་ཚོགས་དང་འཇིགས་སྐུལ་རིང་ལུགས་པས་ངན་སྐུལ་བྱས་ནས་བྱུང་བ་རེད་ཅེས་ཁོང་ཁྲོ་ཆེན་པོས་སྐྱོན་བརྗོད་བྱས་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་པེ་ཅིང་ནས་སྤེལ་པའི་གནས་ཚུལ་དེ་རྒྱལ་མཚན་ཚེ་རིང་གིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG