ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འོ་མའི་སྐྱེད་ནང་དུ་སླར་ཡང་དུག་རྫས་ཐོན།


ཕྱི་ལོ་༢༠༠༨་ལོར་རྒྱ་ནག་གི་དཀར་ཆུའི་བཟོ་ཚོང་ལས་ཁང་ཁག་གི་འགོ་ཁྲིད་ཅིག་ལ་སྲོག་ཁྲིམས་བཅད་ནས་བསད་པ་དང༌། འོ་མའི་ཐོན་སྐྱེད་ལ་དུག་རྫས་བསྲེས་ལྷད་གཏོང་མཁན་མི་མང་པོ་ཞིག་ལ་ཚེ་བཙོན་ནས་ལོ་མང་རིང་བཙོན་འཇུག་བྱེད་དགོས་པའི་ཁྲིམས་ཐག་བཅད་ཀྱང༌། ད་ལྟ་སླར་ཡང་རྒྱ་ནག་གི་ཞིང་ཆེན་གསུམ་གྱི་དཀར་ཆུའི་བཟོ་གྲྭ་ཁག་གི་འོ་མའི་ཐོན་སྐྱེད་ལ་དུག་རྫས་འདྲེས་ཡོད་པ་རྩད་གཅོད་ཐུབ་ཡོད་པ་དང༌། དཔེར་ན་ཟླ་བ་སྔོན་མར་མཚོ་སྔོན་ཞིང་ཆེན་གྱི་འོ་རྩམ་བཟོ་གྲྭ་ཞིག་དང་ཅི་ལིན་ཞིང་ཆེན་གྱི་འོ་རྩམ་བཟོ་གྲྭ་ཞིག ད་དུང་རྒྱ་ནག་གི་ཧེ་པེའི་ཞིང་ཆེན་གྱི་འོ་རྩམ་བཟོ་གྲྭ་ཞིག་བཅས་གོང་གི་ཞིང་ཆེན་གསུམ་གྱི་འོ་རྩོམ་ཐོན་སྐྱེད་ཁག་ལ་མེ་ལེ་ནེམ་དུག་རྫས་འདྲེས་ཡོད་པ་རེད། དེ་ཡང་ཕྱི་ཟླ་༧་ཚེས་༩་ཉིན་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན། ཉེ་ཆར་རྒྱ་ནག་གི་འོ་རྩམ་ནང་ནས་དུག་རྫས་ཐོན་པ་བཟོ་གྲྭ་དེ་དག་གི་ཐོན་སྐྱེད་གསར་པར་དུག་རྫས་བསྲེས་ལྷད་བཏང་བ་ཞིག་མིན་པ་དང༌། ལོ་ངོ་གཉིས་ཀྱི་གོང་ནས་རྒྱ་ནག་གཞུང་གིས་དུག་རྫས་འདྲེས་ཡོད་པའི་འོ་རྩོམ་དེ་རྣམས་མེར་སྲེག་གཏོང་དགོས་ཞེས་བཀའ་སྟེ། མི་མང་གི་བདེ་ཐང་ལ་གནོད་པའི་འོ་རྩམ་དེ་རྣམས་ཚོང་འགྲེམ་བྱེད་རྒྱུ་བཀག་སྡོམ་བྱས་རུང༌། རྒྱ་ནག་གི་དཀར་ཆུའི་བཟོ་གྲྭ་མང་པོ་ཞིག་གིས་དུག་རྫས་འདྲེས་ཡོད་པའི་འོ་རྩམ་དེ་རྣམས་མེར་སྲེག་མ་བཏང་བ་དང༌། ཁོང་ཚོས་སླར་ཡང་དུག་རྫས་འདྲེས་ཡོད་པའི་འོ་རྩམ་རྙིང་པ་དེ་རྣམས་ཚོང་འགྲེམ་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་ན་ཡོད་པའི་ཏུང་ཡོན་དཀར་ཟས་བཟོ་ཚོང་ཁང་གིས་ཧེ་པེའི་ཞིང་ཆེན་ནས་འོ་རྩོམ་ནང་འདྲེན་བྱས་ཡོད་པ་དང༌། ཁོང་ཚོས་ཧེ་པེའི་ཞིང་ནས་ཉོ་སྒྲུབ་བྱས་པའི་འོ་རྩམ་ལ་དུག་རྫས་འདྲེས་ཡོད་མེད་བརྟག་དཔྱད་བྱས་ནས་འོ་རྩམ་རྙིང་པ་ཡིན་པ་རྩད་གཅོད་ཐུབ་ཡོད་པ་རེད།།

XS
SM
MD
LG