ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། ལྷོ་ཀོ་རི་ཡའི་སྲིད་འཛིན་ཕག་གིན་ཧེས་ཞིས་ཅིན་ཕིང་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ཅིང་། རྒྱ་ནག་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་རྣམ་པས་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་ཡར་རྒྱས་གཏོང་བའི་གྲོས་བསྡུར་བྱས་པ་མ་ཟད། གཟའ་པ་སངས་ཉིན་རྒྱ་ནག་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཨ་སྒོར་སྤྲོད་ལེན་བྱེད་པའི་ཚོང་དོན་ལམ་ལུགས་ལ་འགྱུར་བ་བཏང་སྟེ། ད་ནས་རྒྱ་ནག་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་མི་དམངས་ཤོག་སྒོར་དང་ཝོན་དངུལ་ལོར་གཉིས་ཐད་ཀར་སྤྲོད་ལེན་བྱས་ནས་ཚོང་ལས་གཉེར་ཆོག་པའི་གྲོས་མཐུན་བྱུང་ཡོད་པས། རྒྱ་ནག་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐབས་བྱེད་ཀྱི་ཡོད་པའང་མངོན་དུ་འགྱུར་བར་ཐག་ཇེ་ཉེར་སོང་ཡོད་པ་རེད།།

XS
SM
MD
LG