ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུ་གུར་བ་ཞིག་ལ་རྩེད་འགྲན་གྱི་དཔལ་འབར་འཁྱེར་བཅུག་པར་སྐྱོན་བརྗོད།


༄༅།། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱ་ནག་གི་རྒྱུན་བཞུགས་སྐུ་ཚབ་ཀྱིས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་ཏུ་ཡུ་གུར་བ་ཞིག་ལ་དཔལ་འབར་འཁྱེར་དུ་བཅུག་པ་ནི་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་ཉེས་འཛུགས་འཕོག་གི་ཡོད་པ་དཀར་འདོན་བྱ་རྒྱུའི་ཐབས་ཇུས་ཤིག་མིན་ཞེས་བསྒྲགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་མི་རི་ཀའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་འདུག་ཅེས་སྐྱོན་འཛུགས་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG