ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཆིང་ཏའོ་གྲོང་ཁྱེར་གྱི་མི་ས་ཡ་༩་ལ་ནད་དུག་བརྟག་དཔྱད།


༄༅།། ཕྱི་ཟླ་༡༠་པའི་ཚེས་༡༢་ཏེ། རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཧྲན་ཏུང་ཞིང་ཆེན་གྱི་ཆིང་ཏའོ་གྲོང་ཁྱེར་གྱི་ས་ཁུལ་མང་པོར་མི་མང་གིས་རུ་ཕྲེང་རིང་པོ་བསྒྲིགས་ནས་ཁ་རས་གྱོན་པ་དང་གདོང་ལ་ངལ་དུབ་གྱི་རྣམ་པས་ཁེངས་པ། ལོ་ན་རྒན་པ་ཚོས་རྐུབ་སྟེགས་ཆུང་ཆུང་དང་རྐུབ་སྟེགས་ནར་མོ་སོགས་ཁྱེར་ནས་རང་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་བྱེད་ཀྱི་ཡོད་ཅིང་། ཁོ་ཚོར་ཕར་བལྟས་ན་དགྲ་འགོག་དམག་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་སྣང་བ་ཞིག་སྟེར་གྱི་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG