ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་བོད་ལ་གནམ་ཐང་གསར་པ་༢༠་འཛུགས་སྐྲུན་བྱ་རྒྱུ།


༄༅།། ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༤་ནས་ཚེས་༡༡་བར་དུ་ཉིན་༨་ལ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཆེན་གྱི་ལོ་འཁོར་ཚོགས་ཆེན་ཚོགས་ཏེ་ལོ་ལྔའི་དཔལ་འབྱོར་འཆར་འགོད་ཐེངས་༡༤་པ་དང་ཕྱི་ལོ་༢༠༣༥་བར་གྱི་ཕུགས་རྒྱང་རིང་པོའི་འཛུགས་སྐྲུན་གྱི་དམིགས་ཚད་བཟུང་བ་རྣམས་གཏན་འབེབས་བྱས་ཡོད་ཅིང་། འཆར་གཞི་དེ་དག་གི་ཁོངས་སུ་རྒྱ་གར་ལ་འབྲེལ་བ་ཡོད་པའི་ལས་འཆར་མང་པོ་ཞིག་ཡོད་པར་མ་ཟད། འཛུགས་སྐྲུན་གྱི་ལས་འཆར་དེ་དག་གིས་བོད་ས་དེ་ཉིད་རྒྱ་ནག་གི་དྲག་པོའི་དམག་ས་ལྟ་བུ་ཞིག་ཏུ་བསྒྱུར་རྩིས་བྱེད་ཀྱི་ཡོད་པས་རྒྱ་གར་ལ་གནོན་ཤུགས་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG