ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༣/༢༣

རྒྱ་ནག་གི་ཚོགས་ཆེན་ལ་ཕྱི་ཕྱོགས་ཀྱི་རྒྱ་རིགས་ཚོའི་ལྟ་ཚུལ།


རྒྱ་ནག་དམར་ཤོག་གཞུང་གི་ལོ་རེའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དེ་ཁ་ས་ཕྱི་ཟླ་༣ ཚེས་༡༡ ཉིན་མཇུག་སྒྲིལ། 
རྒྱ་ནག་དམར་ཤོག་གཞུང་གི་ལོ་རེའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དེ་ཁ་ས་ཕྱི་ཟླ་༣ ཚེས་༡༡ ཉིན་མཇུག་སྒྲིལ། 

༄༅། རྒྱ་ནག་དམར་ཤོག་གཞུང་གི་ལོ་རེའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཟེར་བ་དེ་ཁ་ས་ཕྱི་ཟླ་༣ ཚེས་༡༡ ཉིན་མཇུག་སྒྲིལ་བའི་སྐབས་སུ་འཐུས་མི་༣༠༠༠ ཡིས་སྐར་མ་༣༠ཙམ་ནང་གྲོས་ཆོད་ཟིན་བྲིས་བདུན་ལ་རྒྱབ་སྐྱོར་གྱི་འོས་ཤོག་བླུགས་ཡོད་པའི་སྐོར་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

ཕྱི་ཕྱོག་སུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་བདུན་ཕྲག་གཅིག་རིང་གི་རྒྱ་ནག་དམར་ཤོག་གཞུང་གི་འཐུས་མིའི་ཚོགས་ཆེན་སྐབས་སུ་ངོ་རྒོལ་གྱི་རྣམ་འགྱུར་དང་སྐད་ཆ་ཧ་ལམ་གོ་རྒྱུ་མེད་པ་འདིས་རྒྱ་ནག་གི་མང་གཙོ་ཟེར་བ་ནི་རྫུན་མ་ཞིག་ཡིན་པ་བསྐྱར་དུ་མངོན་གསལ་འདོད་པོས་མཐོང་ཐུབ་པ་དང་།རྒྱ་ནག་དམར་ཤོག་གིས་རལ་གྲི་དམ་པོར་བཟུང་ནས་བརྟན་ལྷིང་རྒྱུན་སྐྱོང་བྱེད་ཀྱི་ཡོད་པ་ཞིག་མཚོན་པ་རེད་ཅེས་དབྱེ་ཞིབ་སྤེལ་གྱི་ཡོད་པ་རེད།

རྒྱ་ནག་གཞུང་གི་སྐབས་༡༤པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཟེར་བ་དེ་ཕྱི་ཟླ་༣ཚེས་༡༡ཉིན་གྱི་ཕྱི་དྲོ་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་ལ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གཙོས་པའི་དམར་ཤོག་གཞུང་གི་འགོ་ཁྲིད་མང་པོ་ཞིག་མཉམ་ཞུགས་བྱས་ཡོད།

རྒྱ་ནག་གཞུང་གིས་ཐེངས་འདིའི་ཚོགས་ཆེན་ཐོག་ལ་འཐུས་མི་༢༨༨༤མཉམ་ཞུགས་བྱས་ཡོད་པ་དང་ཁོང་ཚོས་གཞུང་གི་ལས་དོན་སྙན་ཐོ་དང་། སྤྱི་ལོ་༢༠༢༤ དང་༢༠༢༥ལོའི་སྔོན་རྩིས། དེ་བཞིན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཐོ་སོགས་གྲོས་ཆོད་དོན་ཚན་བདུན་ལ་མོས་མཐུན་གྱི་འོས་ཤོག་བླུགས་ཡོད་པ་དང་།བདུན་ཕྲག་གཅིག་གི་ཚོགས་ཆེན་རིང་ངོ་རྒོལ་དང་བསམ་ཚུལ་མི་འཐུན་པ་གང་ཡང་བྱུང་མེད་པ་སོགས་གནས་ཚུལ་སྤེལ་ཡོད་ཅིང་།

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་མང་གཙོ་ཡོངས་སུ་ལྡན་པ་ཞིག་བྱུང་ཡོད་ལུགས་བསྔགས་བརྗོད་བྱས་ཡོད་པ་རེད།

འོན་ཀྱང་རྒྱ་ནག་ཐད་ཀྱི་དཔྱད་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་གཞུང་གི་ཚོགས་ཆེན་གཉིས་ཟེར་བ་དེ་ནི་དུས་ཡུན་རིང་པོ་ཞིག་ནས་འཁྲབ་སྟོན་ཙམ་ཞིག་ཆགས་ཡོད་པ་དང་།དེའི་རྒྱུ་མཚན་ནི་ལོ་མང་རིང་བརྟན་ལྷིང་ཡོང་རྒྱུར་འབད་བརྩོན་གཙོ་བོ་བྱས་ཏེ་ཚོགས་འདུ་མ་ཚོགས་གོང་ནས། རྒྱལ་ཡོངས་སུ་ངོ་རྒོལ་བ་དང་ཞུ་གཏུག་པ་རྣམས་ལ་དོ་དམ་དང་།བཙན་དབང་གིས་ལྟ་སྐོར་དུ་བཏང་སྟེ་པེ་ཅིང་ནས་ཕྱིར་འབུད་བྱེད་པའམ་རང་ཁྱིམ་དུ་ཟུར་བཀག་གིས་ལྟ་ཞིབ་བྱེད་པ་སོགས་བྱེད་ཀྱི་ཡོད་པས་ཚོགས་ཆེན་རིང་བརྟན་ལྷིང་བྱུང་ཡོད་ཟེར་བ་ནི་ཁྲབ་སྟོན་རང་རེད་ཅེས་གསུངས་པ་དང་།དེ་ཡང་བདེ་འཇགས་ལ་སེམས་འཚབ་ཀྱི་རྐྱེན་པས་མིང་འདོན་མི་བྱེད་མཁན་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་འཕྲིན་ཡིག་ཐོག་ནས།

ཁོང་རང་ཕྱི་ཟླ་༢ ཚེས་༢༨ ནས་བཟུང་པེ་ཅིང་གྲོང་ཁྱེར་ནས་ཕྱིར་ཁྲིད་པ་དང་།་ཕྱི་ཟླ་༣ ཚེས་༡༢བར་དུ་ཕྱིར་ལོག་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་པས་བདུན་ཕྲག་གཉིས་རིང་"འགྲུལ་བཞུད་"བྱེད་དགོས་བྱུང་ཅེས་དང་། ཁོང་གིས་ད་དུང་།དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཉམས་རྒུད་དང་། སྤྱི་ཚོགས་ཐོག་དཀའ་ངལ་འདྲ་མིན། ཞིང་པར་འཚོ་ཐབས་མེད་པ། ན་གཞོན་ཚོ་ལས་མེད་དུ་གྱར་བ་སོགས་དཀའ་ངལ་མང་པོ་ཞིག་ཡོད་པར་བརྟེན་མི་ཉུང་ཤས་ཤིག་གིས་མ་གཏོགས་ལོ་ལྟར་ཚོགས་ཆེན་གཉིས་ཀྱི་ཆབ་སྲིད་ཀྱི་གནས་ཚུལ་དེ་ཚོར་དོ་སྣང་བྱེད་མཁན་མེད་ཅིང་།འདི་ནི་ཁོང་ཚོའི་འཚོ་བ་དང་འབྲེལ་བ་མེད་པའི་ཚོར་སྣང་ཡོང་གི་ཡོད་རེད་ཅེས་འགྲེལ་བརྗོད་དང་། ཚོགས་ཆེན་གཉིས་ནི་ཡུན་རིང་ནས་འཁྲབ་སྟོན་ཞིག་ཏུ་གྱུར་ཡོད་པ་ལས་རྒྱ་ནག་གི་དམར་ཤོག་དབང་ཆ་གཅིག་སྡུད་ལམ་ལུགས་འོག་ལ་མང་གཙོ་ནི་མི་སྲིད་པ་ཞིག་ཡིན་ཞེས་གསུངས་འདུག

རྒྱ་ནག་གཞུང་ནས་རྒྱལ་ནང་དུ་བརྟན་ལྷིང་རྒྱུན་སྐྱོང་བྱེད་རྒྱུར་འབད་བརྩོན་ཤུགས་ཆེ་བྱེད་བཞིན་པ་ལྟར་བརྟན་ལྷིང་གི་ཆེད་དུ་འགྲོ་སོང་ཡང་ལོ་རེར་བརྒྱ་ཆ་༧.༣% ཙམ་འཕར་ཡོད་པ་རེད། རེས་གཟའ་མིག་དམར་ཉིན་ཐའེ་ཝན་ནང་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཤུགས་རྐྱེན་སྐོར་གྱི་བགྲོ་གླེང་ཞིག་གི་ཐོག་ཐའེ་ཝན་གྱི་རྒྱ་ནག་དང་འབྲེལ་བའི་ལས་དོན་ལྷན་ཁང་གི་ཚོགས་གཞོན་ཤེན་ཡོའུ་ཀྲུང་གིས། རྒྱ་ནག་དམར་ཤོག་གཞུང་གིས་བརྟན་ལྷིང་རྒྱུན་སྐྱོང་ཆེད་དུ་སྲིད་དབང་དམ་དུ་གཏོང་བ་དང་།བརྟན་ལྷིང་རྒྱུན་སྐྱོང་ཆེད་ཀྱི་དམག་དོན་དང་སྤྱི་བདེའི་འགྲོ་སོང་བརྒྱ་ཆ་༧.༢% དང་༧.༣%འཕར་ཡོད་པ་དེ་ནི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་༥% ལས་མཐོ་བ་ཆགས་ཡོད། འདིས་རྒྱ་ནག་དམར་ཤོག་གཞུང་ནས་བརྟན་ལྷིང་ཡོང་རྒྱུའི་ཆེད་དུ་འབད་བརྩོན་ཤུགས་ཆེ་རུ་གཏོང་བཞིན་པ་དང་། དེ་ཡང་མེ་མདའ་དང་རལ་གྲི་དམ་པོར་བཟུང་ནས་བརྟན་ལྷིང་སྲུང་གི་ཡོད།ཅེས་དང་། ཡང་རྒྱ་ནག་གཞུང་ནས་དམག་དོན་ཐད་ལ་འགྲོ་སོང་ཤུགས་ཆེ་གཏོང་བའི་སྲིད་ཇུས་དེ་ཚོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་བྱེད་སའི་གནད་དོན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་འདུག

ཉེ་ཆར་ཕྱི་ཟླ་༣ཚེས་༥ཉིན་རྒྱ་ནག་དམར་ཤོག་གཞུང་གིས་གསལ་བསྒྲགས་བྱས་པའི་སྤྱི་ལོ་༢༠༢༥ལོའི་དངུལ་རྩིས་ནང་རྒྱལ་སྲུང་ཆེད་ཀྱི་འགྲོ་སོང་ཨ་སྒོར་ཐེར་འབུམ་༢༤༩.༨ ཙམ་ཡིན་པ་གསལ་ཡོད། ཡང་རྒྱ་ནག་དམར་ཤོག་གཞུང་ནས་རང་གི་སྲིད་དབང་ཆེད་དུ་རྒྱལ་ནང་དུ་བརྟན་ལྷིང་རྒྱུན་སྐྱོང་ཡོང་རྒྱུའི་ཐད་ལ་འབད་བརྩོན་ཆེ་རུ་གཏོང་བཞིན་པའི་སྐོར་ལ། ཨོ་སི་ཀྲོ་ལི་ཡའི་རྒྱལ་སའི་ནང་ཡོད་པའི་རྒྱ་ནག་གི་མང་གཙོ་ཟེར་བའི་ཚོགས་པའི་ཡན་ལག་འགན་འཛིན་ཀྲང་ཞའོ་ཀང་གིས། རྒྱ་ནག་གཞུང་ནས་ཚོགས་ཆེན་གཉིས་དང་དྲུག་བཞིའི་དོན་རྐྱེན་ལྟ་བུའི་ཆབ་སྲིད་ཐད་གལ་གནད་ཅན་གྱི་དུས་ཚོད་དེ་ཚོར་ངོ་རྒོལ་བ་ཚོའི་ཐོག་ལ་དམ་དྲག་བྱེད་པ་དེ་ནི་གོམས་སྲོལ་ཞིག་ཆགས་ཡོད་པ་དང་།སྤྱི་བདེ་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་མི་མང་པོ་ཞིག་དེ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོད། དཔེ་ན་ཁོང་ཉིད་༡༩༩༨ ལོ་ནས་བཟུང་རྒྱ་ནག་ནང་འགྲོ་རྒྱུར་བཀག་འགོག་བྱས་ཡོད་ཀྱང་རྗེས་སུ་མིང་བརྗེས་ནས་འགྲོ་ཐུབ་པ་བྱུང་སྐབས་བདེ་འཇགས་མི་སྣའི་ལྟ་ཞིབ་ལས་ཐར་ཐབས་མེད་པར་ཁོང་ཚོས་གུས་ཞབས་ཀྱི་རྣམ་པ་དང་། ཟ་ཁང་དུ་ཁྲིད་པ་སོགས་བྱས་པ་མ་ཟད་།སྐབས་ཤིག་བོད་ཀྱི་གནད་དོན་སྐོར་གླེང་མོལ་བྱེད་སྐབས་རྗེས་མར་རྒྱལ་ནང་དུ་ཡོང་སྐབས་བོད་ལ་ལྟ་སྐོར་ཞིག་ལ་འགྲོ་ཆོག་ཅེས་བཤད་ཡོད་པས་བདེ་འཇགས་ཐད་ཀྱི་ལས་བྱེད་པ་འདི་ཚོས་བརྟན་ལྷིང་སྲུང་སྐྱོབ་ཀྱི་མིང་ཐོག་ནས་མངོན་གསལ་དོད་པོས་རང་ཉིད་ཡུལ་འཁོར་ལ་འགྲོ་རྒྱུ་སོགས་ཁེ་ཕན་ལེན་གྱི་ཡོད་གསལ་པོ་མཐོང་བྱུང་ཅེས་ཀྲང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་མྱོང་ཚོར་གསུངས་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG