ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་གི་གཞུང་འབྲེལ་མི་སྣ་ཚོས་ཁ་ཆེ་ཡུ་གུར་བ་དང་རྒྱ་རིགས་གཉེན་སྒྲིག་བྱས་ཡོད་པའི་ཁྱིམ་ཚང་ཁག་ལ་དངོས་སུ་ཤོག་སྒོར་གྱི་བྱ་དགའ་སྤྲོད་མགོ་བཙུགས་པ་དང་དེ་བཞིན་གཉེན་སྒྲིག་བྱེད་མཁན་ཡོད་ཚེ་གཞུང་གིས་སྡོད་གནས་དང་ལས་ཀ། བྱིས་པའི་སློབ་གསོ་རིན་མེད་དུ་སྤྲོད་རྒྱུ་དང་ཁྱིམ་ཚང་ལ་འཕྲོད་བསྟེན་ལྟ་སྐྱོང་རག་རྒྱུ་ལ་སོགས་པའི་སྲིད་ཇུས་ཤིག་ཁྱབ་བསྒྲགས་བྱས་འདུག ཅིང་འོན་ཀྱང་དབྱེ་ཞིབ་སྙན་ཐོ་ལྟར་ན་ཁ་ཆེ་ཡུ་གུར་བ་ཚོ་མི་རིགས་གཞན་དང་གཉེན་སྒྲིག་བྱས་པའི་གྲངས་ཀ་ནི་ཁ་ཆེ་ཡུ་གུར་བའི་མི་འབོར་གྱི་བརྒྱ་ཆ་གཅིག་ལས་ཟིན་གྱི་མེད་པ་རེད། འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

XS
SM
MD
LG