ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧྲན་ཤཱི་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་འཕོ་འགྱུར།


རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོའི་གྲས་སུ་ལྐོག་ཟ་དང་ཁྲིམས་འགལ་མི་བྱེད་མཁན་དཀོན་པོ་ཡིན་ཞིང་། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་སུ་གྱུར་པའི་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོར་ཞིབ་འཇུག་དང་ཁྲིམས་གཅོད་བྱ་རྒྱུ་འགོ་ཚུགས་ནས་བཟུང་། ད་བར་རྒྱ་ནག་གི་རིམ་པ་ཁག་གི་འགོ་ཁྲིད་མང་དག་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ཏུ་རྡུང་རྡེག་ཕོག་པ་དང་། ཕྱི་ཟླ་༩་ཚེས་༢་ཉིན་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གི་ཧྲན་ཤཱི་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡོན་ཁྲུན་ཆིང་རང་གི་ལས་གནས་ནས་འཕོ་འགྱུར་བཏང་བ་ཡིན། ཝང་རུ་ལིན་རྒྱ་ནག་བྱང་ཕྱོགས་ཀྱི་ཞིང་ཆེན་དེའི་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པར་བསྐོ་བཞག་བྱས་ཡོད། དེའི་གོང་དུ་ཝང་རུ་ལིན་གྱིས་བྱང་ཀོ་རི་ཡའི་ས་མཚམས་སུ་ཡོད་པའི་རྒྱ་ནག་གི་ཅི་ལིན་ཞིང་གྱི་འགོ་འཛིན་དང་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་འགན་ཁུར་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG