ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ཚོང་ཟོག་རྣམ་གྲངས་༡༦་ལ་སྒོ་ཁྲལ་ཆག་ཡང་།


རྒྱ་ནག་དབུས་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟའ་ལྷག་པའི་ཉིན་མོར་ཨ་རི་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ཚོང་ཟོག་རྣམ་གྲངས་༡༦་ལ་སྒོ་ཁྲལ་ཆག་ཡང་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། འདི་ནི་ཟླ་བ་རྗེས་མར་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ལོ་གཅིག་ལྷག་ཕྱིན་པའི་ཚོང་དམག་གི་རྩོད་གཞི་སེལ་ཐབས་ལ་གྲོས་མོལ་རིམ་པ་གཞན་ཞིག་བྱ་འཆར་ཡོད་པ་དེའི་གོང་དུ་རྒྱ་ནག་གིས་གསལ་བསྒྲགས་དེ་ལྟར་བྱས་པ་ཞིག་ཡིན་མོད། འོན་ཀྱང་ལོ་གཅིག་གི་རིང་ལ་སྒོ་ཁྲལ་ཆག་ཡང་གཏོང་རྒྱུའི་ཚོང་ཟོག་དེ་དག་གི་ཁོངས་སུ་ཨ་རིའི་ཞིང་པའི་ཐོན་སྐྱེད་སྲན་དཀར་དང་ཕག་ཤ་སོགས་ཏེ། རྒྱ་ནག་གིས་ཨ་རི་ནས་ནང་འདྲེན་ཕོན་ཆེ་ཤོས་བྱེད་བཞིན་པ་དེ་རྣམས་ཚུད་མེད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG