ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཆོས་ལུགས་ཀྱིས་སྤྱི་ཚོགས་འཆམ་མཐུན་ལ་ལེགས་སྐྱེས་འབུལ་དགོས་ཟེར།


རྒྱ་ནག་དམར་ཤོག་གཞུང་གིས་ཆོས་ལུགས་ཁས་མི་ལེན་པ་དང་། གུང་ཁྲན་ཏང་གི་འགོ་ཁྲིད་ཚོ་ཆོས་ལ་དད་པ་དང་ཡིད་ཆེས་མེད་པས། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་སུ་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ལའང་ཡིད་ཆེས་བྱེད་མཁན་མི་གྲངས་ཧང་ཅང་ཉུང་བ་དང་། དེ་རིང་ཕྱི་ཟླ་༡༡་ཚེས་༢༦་ཉིན་རྒྱ་ནག་ཆོས་ལུགས་ལྷན་ཁང་གི་འགོ་ཁྲིད་ཝང་ཙའོ་ཨན་གྱིས་མི་དམངས་ཉིན་རེའི་ཚགས་པར་ལ་རྩོམ་ཡིག་བྲིས་པ་ལྟར་ན། རྒྱ་ནག་གི་མི་དམངས་ཕལ་ཆེ་བ་ཆོས་ལ་དད་པ་བྱེད་མཁན་མིན་རུང་། ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་མི་མང་དེ་ཚོར་སྤྱི་ཚོགས་འཆམ་མཐུན་གོང་འཕེལ་གཏོང་བའི་ལས་འགན་ཆེན་པོ་ཞིག་ཡོད་པ་དང་། ང་ཚོས་ངེས་པར་དུ་ཆོས་ལ་ཡིད་ཆེས་དང་དད་པ་བྱེད་མཁན་མང་ཚོགས་ཀྱི་དད་སེམས་ལ་མཐོང་འཇོག་བྱས་ཏེ། ཁོང་ཚོའི་ཆོས་ལུགས་ལ་འགྲིག་མཐུན་དང་གཞན་ཕན། བཟོད་སྒོམ་དང་བཏང་སྙོམས་བཅས་བཟང་ཕྱོགས་ཀྱི་ནུས་པ་ཡོད་པ་དར་སྤེལ་གཏོང་དགོས་པ་དང་། ཆོས་ལུགས་ཀྱི་ལྟ་གྲུབ་དེ་དག་སྤྱི་ཚོགས་ཡར་རྒྱས་དང་བརྟན་ལྷིང་བསྐྲུན་པའི་རྩ་དོན་ལ་འཛིན་དགོས། མི་མང་ཆོས་དད་པ་ཚོས་ལྟ་བ་ཡང་དག་པ་དང་སྤྱོད་པ་ཡང་དག་པ་ཞིག་འཛིན་དགོས་པ་དང་། ང་ཚོས་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྟོན་དབུ་ཁྲིད་འོག་ཏུ་མི་མང་ལ་ཆོས་ལུགས་དད་མོས་ངོ་མ་ཞིག་བྱེད་དུ་འཇུག་དགོས་པ་མ་ཟད། སྤྱི་ཚོགས་འཆམ་མཐུན་ཡོང་བར་ཐུན་མོང་གི་མོས་པ་ཞིག་འཛིན་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG