ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་ཡོད་པའི་གླིང་ཕྲན་འགའ་ཞིག་གིས་བདག་དབང་བརྩད་ནས་ཉི་ཧོང་གཙོས་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འགལ་ཟླ་ཆེན་པོ་བྱུང་ཡོད་ཅིང་། ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱིས་རྒྱ་ནག་གི་མཁའ་དབྱིངས་མངའ་ཁོངས་སྲུང་སྐྱོབ་ཀྱི་ས་ཐིག་གསར་པ་ཞིག་འཐེན་པ་དེར་བརྩི་མེད་བཏང་སྟེ། ཁོ་ཚོས་རྒྱ་ནག་གི་མཁའ་དབྱིངས་མངའ་ཁོངས་སྲུང་སྐྱོབ་ཀྱི་ས་ཐིག་ནང་དུ་དམག་གི་གནམ་གྲུ་བཏང་མོད། འོན་ཀྱང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དམག་གི་གནམ་གྲུ་གང་ཞིག་སྔོན་ནས་ཆོག་མཆན་མེད་པར་རྒྱ་ནག་གི་མཁའ་དབྱིངས་མངའ་ཁོངས་སུ་འཕུར་སྐྱོད་བྱེད་ཚེ། རྒྱ་ནག་གིས་དམག་གནམ་བཏང་ནས་ཕྱི་རྒྱལ་གྱི་དམག་གི་གནམ་གྲུ་དེ་ཚོར་རྒོལ་རྡུང་བྱེད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད།