ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གཞུང་ལ་གྱེན་ལང་བྱེད་མཁན་རྒྱ་ནག་གི་གྲོང་ཚོ་ཞིག་གི་ནང་འོས་བསྡུ་བསྐྱར་དུ་བྱས་ཡོད་པ།


རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཚོ་ཝུ་ཀན་གྱི་ནང་། དེ་སྔ་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་མང་ཚོགས་ཀྱིས་ས་གནས་གཞུང་ལ་ངོ་རྒོལ་གྱེན་ལང་བྱས་པའི་གནས་ཚུལ་གྲགས་ཆེན་པོ་ཞིག་བྱུང་ཡོད་པ་དང་། གཟའ་ཟླ་བའི་ཉིན་གྲོང་ཚོ་དེའི་ནང་ཡང་བསྐྱར་འོས་བསྡུ་བྱས་ཡོད་ཀྱང་། ཐེངས་འདིའི་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་དེ་ཙམ་མང་པོ་བྱུང་མེད་པ་མ་ཟད། འོས་བསྡུ་དྲང་བདེན་ཡོང་རྒྱུའི་རེ་བ་བྱེད་མཁན་ཡང་དེ་ཙམ་མེད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG