ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གཞུང་གིས་ཉེས་འཛུགས་བྱེད་སྟངས་ལ་འགྱུར་བ།


འདས་པའི་ལོ་ངོ་མང་པོ་ཞིག་གི་རིང་ལ རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ལེན་པ། མི་མང་དཀྱུས་མའི་ཐོབ་ཐབ་འཐབ་རྩོད་མཁན་ནམ། ཡང་ན་དེ་དག་གི་རྒྱབ་སྐྱོར་པ་དང་ཁྲིམས་རྩོད་པ། གཞུང་འབྲེལ་མི་སྣའི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་རྩོམ་ཡིག་སྤེལ་མཁན་སོགས་ལ་རྒྱལ་ཁབ་མགོ་རྟིང་སློག་མཁན་དང་ཁ་བྲལ་པ་ཞེས་ཉེས་འཛུགས་བྱེད་སྲོལ་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་འགོ་ཁྲིད་གསར་པ་ཞིས་ཅིན་ཕིང་གི་དུས་སྐབས་ནས་རྒྱ་གཞུང་གི་ཉེས་འཛུགས་བྱེད་སྟངས་ལ་འགྱུར་བ་བཏང་སྟེ། མི་དེ་ཚོར་སྤྱི་དམངས་ཀྱི་བདེ་འཇགས་ལ་གཏོར་བརླག་བྱེད་མཁན་ཞེས་པའི་ཉེས་མིང་འཛུགས་ཀྱི་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG