ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

རྒྱ་ནག་གིས་བྱང་ཀོ་རི་ཡེའི་སྲིད་གཞུང་མགོ་རྟིང་ལོག་རྒྱུའི་ཚོད་དཔག་བྱས་ཏེ་འཆར་གཞི།


རྒྱ་ནག་གཞུང་གིས་དམར་ཤོག་བྱང་ཀོ་རི་ཡེའི་འགོ་ཁྲིད་ཀིམ་ ལྗོང་ཨུན་གྱི་དབང་བསྒྱུར་བརྟན་པོ་གནས་རྒྱུར་གདེང་འཇོག་བྱེད་ཀྱི་མེད་པའི་རྣམ་པ་གསལ་པོ་ཐོན་ཡོད་པ་སྟེ། རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡེའི་སྲིད་གཞུང་མགོ་རྟིང་ལོག་རྒྱུའི་ཚོད་དཔག་བྱས་ཏེ། དེ་འདྲའི་གནས་ཚུལ་བྱུང་བའི་སྐབས་བྱང་གི་མཐོ་རིམ་འགོ་ཁྲིད་རྣམས་དོ་དམ་བྱ་རྒྱུ་དང་། ས་མཚམས་སུ་སྐྱབས་བཅོལ་བའི་སྡོད་སྒར་འཛུགས་རྒྱུ། དེ་བཞིན། ཕྱི་རྒྱལ་གྱི་དཔུང་དམག་ལ་ཁ་གཏད་གཅོག་རྒྱུ་སོགས། སྐབས་འཕྲལ་དུ་ལག་ལེན་བསྟར་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱུང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG