ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
སྐད་ཡིག
Tibetan English
འཚོལ།
འཚོལ།
རླུང་འཕྲིན་གྱི་ལེ་ཚན་ཁག
དྲྭ་ལམ་བརྒྱུད་བརྙན་འཕྲིན།
མདུན་ངོས།
བོད།
ཨ་རི།
རྒྱ་ནག
འཛམ་གླིང་།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
དཔེ་ཀློག
དེ་ལས་མང་བ།
Tibetan English
ཀུན་གླེང་བརྙན་འཕྲིན་ཐད་གཏོང་།
ལེ་ཚན་གསར་ཤོས།
ཀུན་གླེང་། ༢༠༢༡ ལོའི་ཟླ་༡ ཚེས་༡༥
བརྙན་འཕྲིན་འཕར་མ།
ཀུན་གླེང་།
ཀུན་གླེང་གསར་འགྱུར།
དྲ་སྣང་གི་བོད།
དྲ་བརྙན་གླེང་མོལ།
དྲ་བརྙན་གསར་འགྱུར།
དཀར་ཆགས་ཤོག་ངོས།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
ཐད་གཏོང་གསན་ན།
ཐད་གཏོང་།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
རྗེས་མ།
༢༢:༠༠ - ༢༣:༠༠
དགོང་དྲོའི་རླུང་འཕྲིན།
༠༨:༠༠ - ༠༩:༠༠
སྔ་དྲོའི་རླུང་འཕྲིན།
དེ་ལས་མང་བའི་རླུང་འཕྲིན་ལེ་ཚན།
སྔ་དྲོའི་རླུང་འཕྲིན།
འཚོལ།
འཚོལ།
སྔོན་མ།
རྗེས་མ།
Breaking News
སྔོན་མ།
རྗེས་མ།
྆྆྆རླུང་འཕྲིན་ཐད་གཏོང་།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
རྒྱ་ནག
སྨན་པ་ལི་ལ་མྱ་ངན་དང་རྒྱ་གཞུང་ལ་ངོ་རྒོལ་མཆན་རྩོམ།
༠༧།༠༢།༢༠༢༠
སྨན་པ་ལི་ལ་མྱ་ངན་དང་རྒྱ་གཞུང་ལ་ངོ་རྒོལ་མཆན་རྩོམ།
པར་འདེབས་པ།
Embed
share
སྨན་པ་ལི་ལ་མྱ་ངན་དང་རྒྱ་གཞུང་ལ་ངོ་རྒོལ་མཆན་རྩོམ།
by
ཝི་ཨོ་ཨེ།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:06:06
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
༄༅།། སྔ་ལོའི་ཕྱི་ཟླ་༡༢་པའི་ཚེས་༣༠་ཉིན་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་སྨན་པ་ལི་ཝེན་ལེང་ཞེས་པ་ཞིག་གིས་གྲོང་ཁྱེར་དེར་གློ་ཚད་ལྟ་བུའི་འགོས་ནད་ཅིག་ཁྱབ་གདལ་འགྲོ་བཞིན་འདུག ལས་རོགས་སྨན་པ་རྣམས་དང་སྨན་ཞབས་པ་ཚོས་རང་གི་བདེ་འཇགས་དོན་དུ་ནད་འགོག་གྱོན་ཆས་གོན་དགོས་པ་དང་ཁ་རས་བརྒྱབ་ནས་གཟབ་ནན་བྱ་དགོས་ཀྱི་འདུག་ཅེས་སྐད་འཕྲིན་ནང་དུ་འཕྲིན་ཐུང་ཞིག་བསྐུར། དེ་ནས་ལས་རོགས་ཚོས་འཕྲིན་ཐུང་དེ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བརྒྱུད་བསྐུར་བྱས་ནས་ཝུ་ཧན་གྲོང་ཁྱེར་དང་རྒྱ་ནག་གི་སྤྱི་ཚོགས་སུ་ཡོངས་ཁྱབ་ཀྱིས་བཀྲམ་ནས་མི་དམངས་ལ་ཉེན་བརྡ་བཏང་རུང་ཝུ་ཧན་གྲོང་ཁྱེར་གྱི་ཉེན་རྟོག་པས་སྨན་པ་ལི་འབོད་འགུགས་བྱས་ནས་ཁྱོད་ཀྱིས་དཀྲོག་གཏམ་སྒྲོགས་ཀྱི་འདུག སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བརླག་བྱེད་ཀྱི་ཡོད་འདུག་ཅེས་ནག་ཉེས་བཙུགས། ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་པ་ཤེས་སམ། ཁྱོད་ཀྱིས་འགན་འཁྲི་ལེན་ཐུབ་བམ་ཞེས་ཁ་རྡུང་བཏང་ནས་སྨན་པ་ལིས་སྐད་འཕྲིན་ནང་དུ་བཀྲམ་པའི་འཕྲིན་ཐུང་དེ་ཁྲིམས་འགལ་བྱས་པ་ཞིག་ཡིན་པའི་ནག་ཉེས་ངོས་ལེན་གྱི་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དུ་བཅུག ཁ་སང་ཕྱི་ཟླ་༢་ཚེས་༦་ཉིན་སྨན་པ་ལི་ལ་གློ་ཚད་རིམས་ནད་འགོས་ནས་ཝུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར།
དེར་བརྟེན་རྒྱ་ནག་མི་མང་ཁྲི་ཚོ་མང་པོས་སྐད་འཕྲིན་དང་ཝི་པོ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཉེན་རྟོག་པས་དྲག་གནོན་ལ་ངོ་རྒོལ་ཡོད་པའི་མཚོན་དོན་གླུ་གཞས་ཕབ་ལེན་བྱས་པ་དང་ཁྱེད་ཚོས་མི་དམངས་ཀྱི་སྐད་སྒྲ་ཐོས་སམ། དཔའ་རྒོད་ཅིག་མེད་པར་གྱུར་སོང་། ཁོང་ནི་གསང་བ་ཕྱིར་སྒྲོགས་བྱེད་མཁན་ཙམ་མིན་པར་མི་དམངས་ཀྱི་དཔའ་བོ་ཞིག་རེད། གཏམ་བརྗོད་རང་དབང་བཀག་སྡོམ་ལ་ངོ་རྒོལ་ཡོད། མི་དམངས་རྣམས་ཡར་ལོངས་ཤོག ཝུ་ཧན་གྲོང་ཁྱེར་གཞུང་གིས་སྨན་པ་ལི་ལ་བཟོད་གསོལ་ཞུ་དགོས། ང་ཚོར་གཏམ་བརྗོད་རང་དབང་དགོས། ད་ལྟ་ང་ཚོས་ཅི་ཞིག་མྱོང་གི་ཡོད་པ་བརྗེད་མི་ཉན། ཁོང་ཁྲོ་འདི་འཇམ་དུ་མ་འཇུག ང་ཚོས་ངེས་པར་དུ་གནས་ཚུལ་འདིའི་རིགས་བསྐྱར་ཟློས་འབྱུང་དུ་འཇུག་མི་ཉན། བདེན་པ་ལ་རྟག་ཏུ་དཀྲོག་གཏམ་ཞེས་ཉེས་མིང་འདོགས་ཀྱི་འདུག ཁྱེད་ཚོས་དུས་ནམ་ཞིག་བར་དུ་རྫུན་བཤད་རྒྱུ་ཡིན་ནམ། ད་དུང་གཞན་པ་ཅི་ཞིག་སྦ་གསང་བྱས་ཡོད་དམ། གལ་སྲིད་ཁྱོད་ཀྱིས་ཅི་ཞིག་མཐོང་ཐོས་འབྱུང་གི་ཡོད་པ་འདིར་ཁོང་ཁྲོ་ལངས་ན་ཡར་ལོངས་ཤོག ན་གཞོན་མི་རབས་རྣམས། ཁྱེད་ཚོར་འགྱུར་ལྡོག་གཏོང་ཐུབ་པའི་སྟོབས་ཤུགས་ཡོད་ཅེས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཝུ་ཧན་གྲོང་ཁྱེར་གཞུང་ལ་སྐྱོན་བརྗོད། རྒྱ་ནག་གཞུང་གིས་སྨན་པ་ལིའི་ཁ་བཀག་ནས་འགོས་ནད་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་པར་ཁོང་ཁྲོ་ཆེན་པོས་མཆན་རྩོམ་འབུམ་ཕྲག་འགའ་ཞིག་སྤེལ་མོད། འོན་ཀྱང་རྒྱ་ནག་གཞུང་གིས་སྐད་འཕྲིན་དང་ཝི་པོ་སོགས་སྤྱི་ཚོགས་དྲྭ་ལམ་གྱི་མཆན་རྩོམ་ཕལ་ཆེ་བ་འཕྲལ་དུ་ནག་སུབ་བྱས་ནས་ཉུང་ཤས་ཤིག་ལས་རིག་རྒྱུ་མེད་པར་བཏང་མེད་པ་རེད།
རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་གློ་ཚད་ནད་དུག་གིས་རེས་གཟའ་ཕུར་བུའི་མཚན་དཀྱིལ་བར་དུ་མི་༦༣༦་ལ་འཆི་སྐྱོན་བྱུང་སོང་། འགོས་ནད་ཕོག་ཡོད་པའི་ནད་པའི་གྲངས་འབོར་མི་༣༡༡༦༡་ལ་སླེབས་སོང་ཞེས་བསྒྲགས། རྒྱ་ནག་མི་དམངས་དང་ཉམས་ཞིབ་པ་ཚོས་རྒྱ་གཞུང་གིས་ཁྱབ་བསྒྲགས་བྱ་པ་གྲངས་འབོར་ངོ་མ་དེ་མིན་པའི་ཚོད་དཔག་བྱས་ཀྱི་ཡོད་ཅིང་། འདས་པའི་ལོ་༧་གྱི་རིང་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་གསར་འགོད་པ་དང་ཁྲིམས་རྩོད་པ། ཤེས་ཡོན་ཅན་དང་རྩོམ་པ་པོ། ཚོང་པ་སོགས་སྲིད་གཞུང་གི་ལྟ་བར་མོས་མཐུན་མེད་པའི་ལངས་ཕྱོགས་འཛིན་མཁན་རྣམས་འཛིན་བཟུང་དང་བཙོན་འཇུག རྒྱ་ནག་གཞུང་གིས་གསར་འགྱུར་དང་དྲྭ་ལམ་བཅས་ལ་ཞིབ་བཤེར་བྱས་ནས་གཏམ་བརྗོད་རང་དབང་མེད་ཀྱང་རྒྱ་ནག་མི་དམངས་ཀྱིས་སྨན་པ་ལི་འདས་གྲོངས་སུ་གྱུར་པར་གདུང་ཤུགས་དྲག་པོས་མྱ་ངན་དང་ཕངས་སེམས། རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་དགོས་ཞེས་མཆན་རྩོམ་འབུམ་ཕྲག་འགའ་ཞིག་བྲིས་པ་ནི་རྒྱ་ནག་གི་སྤྱི་ཚོགས་སུ་འབྱུང་དཀོན། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བྲེལ་མྱུར་གྱིས་སྨན་པ་ལི་ལ་མི་དམངས་ཀྱིས་རྗེས་དྲན་དང་སྲིད་གཞུང་ལ་ངོ་རྒོལ་གྱི་མཆན་རྩོམ་བྲིས་པ་རྣམས་ནག་སུབ་བྱ་ཐབས་སུ་འབད་འདུག སྲིད་གཞུང་གི་དམ་དྲག་ནན་པོ་དང་སྨྲ་བརྗོད་རང་དབང་གཏན་ནས་མེད་པའི་ཁོར་ཡུག་ཅིག་ཏུ་མི་མང་གིས་འཛེམ་ཟོན་མེད་པར་དྲྭ་ལམ་ལ་ངོ་རྒོལ་གྱི་མཆན་རྩོམ་འབྲི་ཕོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གི་མི་དམངས་དཀྱུས་མ་ཚོ་གཅིག་པུ་མིན་པར་གཞུང་གི་ལས་བྱེད་པ་དང་བཟོ་ཚོང་ལས་ཁང་ཁག་གི་འགོ་ཁྲིད། རྒྱ་ནག་གི་སྤྱི་ཚོགས་སུ་ཕྱོགས་ཡོངས་ནས་སྲིད་གཞུང་གི་ལས་དོན་སྒྲུབ་ཕྱོགས་ལ་འདོད་པ་མ་ཚིམས་ཤུགས་ཆེན་པོ་ཡོད་པ་མཚོན་ཐུབ་ཅེས་དཔྱད་རྩོམ་སྤེལ་འདུག
ཁ་སང་གཟའ་ཕུར་བུའི་དགོང་མོ་ནས་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སྨན་པ་ལི་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཁྱབ་གདལ་སོང་། རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཚན་པས་དྲྭ་ལམ་གྱི་མཆན་རྩོམ་རྣམས་འགོག་ཐབས་དང་ནག་སུབ་གཏོང་རྒྱུ་མགོ་བརྩམས། ཡིན་ནའང་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་ཟིན་པའི་མཆན་རྩོམ་རྣམས་ནག་སུབ་གཏོང་རྒྱུ་བདེ་བླག་ཏུ་སྒྲུབ་ཐུབ་མེད་པ་དང་རྒྱ་ནག་མི་དམངས་ཀྱིས་དྲྭ་ལམ་དུ་ཁོང་ཁྲོ་དང་སྐྱོ་གདུང་། སྨན་པ་ལི་ལ་མྱ་ངན་གྱི་མཆན་རྩོམ་བྲིས་པར་ཞིབ་བཤེར་བྱེད་མི་ཐུབ་པའི་ཚད་དུ་ལྷུང་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ས་གནས་སོ་སོར་ལས་དོན་རུ་ཁག་བཏང་ནས་རྒྱལ་ཡོངས་མི་དམངས་ཀྱིས་སྨན་པ་ལི་ལ་གདུང་ཤུགས་དྲག་པོས་མྱ་ངན་བྱེད་དོན་ཅི་ཞིག་ཡིན་མིན་རྩད་གཅོད་བྱེད་དུ་བཅུག་འདུག སྨན་པ་ལིས་ཝུ་ཧན་གྲོང་ཁྱེར་ལ་གློ་ཚད་ལྟ་བུའི་འགོས་ནད་ཅིག་ཁྱབ་ཀྱི་འདུག་ཅེས་ཉེན་བརྡ་བཏང་བ་རྒྱ་ནག་གཞུང་གིས་དཀྲོག་གཏམ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བརླག་བྱས་པའི་ནག་ཉེས་སུ་བསྒྱུར། ཁོ་ཚོས་སྨན་པ་ལིའི་ཁ་བཀག་ནས་འགོས་ནད་ཅིག་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་པར་རྒྱ་ནག་མི་དམངས་རྣམས་བཟོད་གླགས་མེད་པའི་ཁོང་ཁྲོ་ལངས། མི་མང་གིས་ཕྱི་ལོ་༢༠༠༣་ལོར་རྒྱ་ནག་ལ་སཱར་སི་ཞེས་པའི་གློ་ཚད་ཅིག་ཁྱབ་གདལ་སོང་ནས་དཀའ་ངལ་ཆེན་པོ་ཕྲད་ཀྱང་ད་དུང་ཡང་རྒྱ་ནག་གི་འགོ་ཁྲིད་ཚོར་ཉམས་མྱོང་དང་སློབ་གསོ་ཅི་ཡང་ཐོབ་མེད་པ་འདྲ་ཞེས་ཁ་རྡུང་བཏང་འདུག
ཉི་མ་རེ་ཟུང་གོང་དེར་སྨན་པ་ལིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཝུ་ཧན་གྲོང་ཁྱེར་ལ་གློ་ཚད་རིམས་ནད་དེ་ཇི་ལྟར་ཁྱབ་པ་དང་ཁོ་པ་འགོས་ནད་དེར་དོ་སྣང་ཇི་ལྟར་བྱུང་མིན། རྒྱ་ནག་མི་དམངས་ཀྱིས་ནད་ཡམས་དེར་སྔོན་འགོག་ཇི་ལྟར་བྱས་ན་ལེགས་མིན་སོགས་ཡོངས་གྲགས་སུ་བཤད། དྲྭ་ལམ་དུ་མཆན་རྩོམ་འབྲི་མཁན་ཞིག་གིས་སྨན་པ་ལིར་རང་ཉིད་དཔའ་བོ་ཞིག་ལ་འགྱུར་དུ་འཇུག་དགོས་སྙམ་པའི་ཀུན་སློང་ཡོད་མི་སྲིད། འོན་ཀྱང་ང་ཚོ་༢༠༢༠་ལོར་འཚོ་གནས་ཡིན་པ་རྣམས་ལ་མཚོན་ན་སྨན་པ་ལིས་དཔའ་རྒོད་ཅིག་གིས་སྒྲུབ་སྲོལ་ཡོད་པའི་ལས་དོན་དེ་བསྒྲུབས་སོང་ཞེས་བསྔགས། མཆན་རྩོམ་གཞན་ཞིག་ཏུ་མང་ཚོགས་ལ་འབུད་ཤིང་སྤྲོད་མཁན་དེས་ཁ་བའི་ཁྲོད་དུ་འཁྱག་འཕྱིད་ཐེབས་ནས་གྲོངས་ཀྱི་ཡོད་པའི་འཆི་བ་འགོག་ཐུབ་ཟེར་པ་ཞིག་ཀྱང་བྲིས་འདུག འདི་ནི་ལོ་༧་གྱི་སྔོན་ལ་རྒྱ་ནག་གི་རྩོམ་པ་པོ་མུ་རོང་ཤུའེ་ཚུན་ཞེས་པ་ཞིག་དང་གྲོགས་པོ་ཚོས་དངུལ་སྒོར་འདུ་འགོད་བྱས་ནས་རྒྱ་ནག་གི་སྲིད་དོན་བཙོན་པ་རྣམས་ཀྱི་ཤུལ་ལུས་བཟའ་མི་ཚོར་ལྟ་སྐྱོང་བྱས་པའི་སྐབས་སུ་བྲིས་པའི་སྐད་ཆ་ཞིག་ཡིན་ཞིང་། སྐད་ཆ་འདིས་གཞུང་གི་དབང་འཛིན་པ་ཚོར་ཁ་གཏད་གཅོག་ཕོད་མཁན་ཚོར་རྒྱབ་སྐྱོར་བྱ་དགོས། སྐྱེ་བོ་མང་པོ་ཞིག་འཁྱག་འཕྱིད་ཐེབས་ནས་ཤི་བ་རེད་ཟེར་པར་གཞུང་ལ་ཁ་གཏད་གཅོག་ཕོད་མཁན་ཚོར་རྒྱབ་སྐྱོར་པ་ཉུང་ཉུང་རེད་ཟེར་པའི་གོ་དོན་འདུས། ད་དུང་མཆན་རྩོམ་གཞན་ཞིག་ལ་ཁྱེད་ཚོས་མི་དམངས་ཀྱི་དཀའ་ངལ་ཐོས་པར་ང་ཚོས་བློས་གཏོང་ཅི་ཙམ་བྱ་དགོས་སམ་ཞེས་བྲིས་ཡོད་པ་ཞིག་ཀྱང་བཀོད་འདུག
འབྲེལ་ཡོད།
རྒྱ་ནག་ལ་ཆབ་སྲིད་སྒྱུར་བཅོས་དགོས་པའི་གླེང་སློང་།
འདི་ལ་དགའ་པོ་ཡོང་སྲིད།
རྒྱ་ནག་ལ་ནད་ཡམས་ཀྱི་ཛ་དྲག་ཆེ་རུ་སོང་སྟེ་ཟུར་འགོག་ཁང་འཛུགས་སྐྲུན།
ཨ་རིའི་སྐུ་ཚབ་དང་ཐེ་ཝན་གྱི་སྲིད་འཛིན་དྲྭ་ལམ་དུ་མཇལ་འཕྲད།
ཨ་རིའི་སྤྱི་མཐུན་ཚོགས་པ་ཁ་འཐོར་འགྲོ་ཉེན།
ཨ་རིའི་གློག་བརྙན་དུས་སྟོན་ཞིག་ཏུ་བོད་གཞས་ལ་གཟེངས་རྟགས་ཐོབ་པ།
ཨ་རིའི་གྲོས་ཚོགས་ཀྱིས་བསྐྱར་དུ་ཌོ་ནལ་ཊམ་ལ་ཉེས་འཛུགས།
བྷ་ཌན་གྱི་ཁྲི་སྟོན་མཛད་སྒོ་དུས་སུ་གཏོར་རྒོལ་འབྱུང་རྒྱུའི་ཉེན་ཁ།
Back to top
XS
SM
MD
LG